12306

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གློ་བོ་ཤེས་རབ་རིན་ཆེན་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གཉིས་པའི་སྨད་དུ་འཁྲུངས། ཆུང་ངུའི་དུས་ནས་ཆོས་སྒོར་ཞུགས། དགེ་ཚུལ་སློང་གི་སྡོམ་པ་རིམ་གྱིས་བཞེས། འདུལ་གཞུང་སོགས་ལ་སློབ་གཉེར་མཛད། བལ་ཡུལ་དང་། རྒྱ་གར་སོགས་སུ་ཕེབས། པཎ་གྲུབ་མང་པོའི་ཞབས་ལ་གཏུགས། རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ལ་སྦྱངས་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་རྡོ་རྗེའི་ཚིག་རྣལ་འབྱོར་དབྱེ་བ་དང་། རྡོ་རྗེ་ཙ་ཙི་ཀའི་ལས་སྒྲུབ་ཐབས། དཔལ་རྡོ་རྗེ་ཕག་མོའི་སྒྲུབ་ཐབས། དཔལ་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས། རྡོ་རྗེ་དཀར་མོའི་སྒྲུབ་ཐབས། གཤེད་དམར་གྱི་རྫོགས་རིམ་ཤིན་ཏུ་སྤྲོས་པ་མེད་པ་དེ་ཁོ་ན་ཉིད་ཀྱི་མན་ངག གཤིན་རྗེ་གཤེད་དམར་པོའི་རྫོགས་པའི་རྣལ་འབྱོར། དཔལ་གཤེན་རྗེ་གཤེད་དམར་པོའི་འཚོ་བ་དེ་ཁོ་ན་ཉིད་ཀྱི་མན་ངག གཤེན་རྗེ་གཤེད་མཐར་བྱེད་དམར་པོའི་བྱིན་གྱིས་བརླབས་པའི་མན་ངག བྱིན་གྱིས་བརླབས་པའི་རིམ་པ། མེའི་ལྷ་མཆོད། འཕགས་མ་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་པའི་སྒྲུབ་ཐབས། དཔལ་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུད་ཀྱི་རྒྱལ་པོ་དབྱངས་འཆར་བ་ཤོ་ལོ་ཀ་སྟོང་ཕྲག་གཅིག་པ། ཚེའི་གནས་སྐབས་ཀྱི་འབྲས་བུ་གནོད་པ་འབྱུང་བའི་ལས། དབྱངས་འཆར་བའི་དོན་བསྡུས་བཅས་བཞུགས།

{{#arraymap:གློ་བོ་ཤེས་རབ་རིན་ཆེན་

|; |@@@ | | }}