From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གློག་ (1)
| Part of speech
|
མིང་ཚིག
|
| Definition
|
རང་བྱུང་ཁམས་ཀྱི་གློག་སྟེ། ནམ་མཁའ་ནས་འབྱུང་བ་ཚ་གྲང་འཐབ་པའི་རྐྱེན་གྱིས་གློག་འབྱུང་ཞིང་འབྲུག་གི་སྒྲ་གྲག་པ་ཡིན་པའི་ཚུལ་རྒྱལ་པོ་བཀའ་ཐང་ལས། འདེགས་དང་གནོན་དང་འཕྲུལ་དང་བརྟེན་པའི་རླུང་། །བཞི་སྒྲོམ་རླུང་གིས་ཉི་ཟླ་གཟའ་སྐར་བཏེག ། མཚོ་ཡི་རླངས་ལས་མཁའ་ལ་སྤྲིན་དུ་ཆགས། །འབྱུང་བ་ཚ་གྲང་ཕྲད་པས་གློག་ཏུ་འཁྱུག ། དེ་ཉིད་འཐབ་པས་མཁའ་ལ་འབྲུག་སྒྲ་སྒྲོགས། །དྲག་ཅིང་ངར་ན་བར་ནས་ཐོག་ཏུ་འབབ། །དཔེར་ན་མེ་ལྕགས་རྡོ་ལ་བརྡབ་པ་བཞིན། །ཞེས་གསུངས།
|
| Keyword
|
True
|
| Synonyms
|
དིཏྱུ། སྐད་ཅིག་འོད། སྐད་ཅིག་གསལ་བ། སྐད་ཅིག་པ། སེ་གོལ་འོད། འཇུག་པ་བརྒྱ་བ། སྒྲ་འགྱེད། སྒྲ་འབྱིན། སྒྲོག་བྱེད་མ། ཆུ་སྐྱེས་ཅན། ཆུན་མཛེས་ཅན། བདེ་འཐུང་། རྣམ་གསལ། རྣམ་བཀྲ། སྤྲིན་གྱི་ལྕུག་མ། སྤྲིན་གྱི་འཕྲེང་བ། སྤྲིན་ལྕེ། མི་བརྟན། སྡོད་མེད། སྐྱོད་བྱེད། འཁྱུག་འགྲོ། འཁྱུག་བྱེད། གཡོ་བའི་འོད། གཡོ་བྱེད། གཞི་སྔོན་སྐྱེས། ལུས་ཕྲ། གསེར་འོད་ཅན། གསེར་གྱི་ས་ར།
|
གློག་ (2)
| Part of speech
|
མིང་ཚིག
|
| Definition
|
ནུས་པའི་རིགས་ཤིག་སྟེ། དེས་འོད་དང་ཚ་དྲོད་བཟོ་ཐུབ་པ་དང་། འཕྲུལ་འཁོར་སྐོར་བྱེད་ཀྱང་བཟོ་ཐུབ།
|
| Keyword
|
True
|
| Example
|
གློ་སྒོ་གཏན། གློག་རིན་སྤྲད་ལྟ་བུ།
|