12418

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཤིན་གྱི་ཆོ་ག་ (1)
Part of speech མིང་ཚིག
Definition སློབ་དཔོན་ཆེན་པོ་ནག་པོ་ཞབས་ཀྱིས་མཛད་པའི་གཤིན་གྱི་ཆོ་ག པཎྜི་ཏ་ཆེན་པོ་རྒྱལ་བའི་སྙན་ལས་མཉན་ཏེ། ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་ལེགས་པར་བསྒྱུར། བསྟན་འགྱུར་རྒྱུད་ཉ་པར་བཞུགས།
གཤིན་གྱི་ཆོ་ག་ (2)
Part of speech མིང་ཚིག
Definition གྲུབ་ཐོབ་ཆེན་པོ་ཌོཾ་བྷི་ཧེ་རུ་ཀ་པས་མཛད་པའི་གཤིན་གྱི་ཆོ་ག་ཞེས་བྱ་བ། རྒྱ་གར་གྱི་པཎྜི་ཏ་དིཀྵུ་མང་ག་ལ་དང་། ལོཙྪ་བ་ཟླ་བ་འོད་ཟེར་གྱིས་བསྒྱུར། བསྟན་འགྱུར་རྒྱུད་སུ་པར་བཞུགས།