12420
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བུ་མོ་སུ་ཞིག་གནམ་ལོའི་དབང་ཁམས་ཀྱིས་རང་ལོའི་དབང་ཁམས་གཅོད་པ་དང་། བབས་སྤར་དྭའི་སྟེང་དུ་བབས་པ་གཉིས་འདོམ་དུས་དེར་བག་མར་འགྲོ་བ་ལ་ཟེར་ཞིང་། དུས་དེར་བརྫངས་ན་ཤི་ཆད་དང་ནོར་གོད་འོང་བས། རིམ་གྲོར་ཉི་ཁྲི་ལྷ་ཡས་ཞུས་པ་དང་མཆལ་པ་མེ་ཁྱེར་དགྲ་བཅོས་བཅས་བྱ་དགོས། གལ་སྲིད་ཤིང་བྱི་ལོ་མ་སུ་ཞིག་མོ་ལོ་ཉེར་བདུན་སྟེང་ནས་བག་མར་འགྲོ་བར་ཆ་བཞག་ན། ལོ་དེར་ཤར་བའི་གནམ་ལོ་ལྕགས་སྟག་གི་དབང་ཁམས་ལྕགས་ཀྱིས་བག་ལོའི་དབང་ཁམས་ཤིང་གཅོད་པ་མ་ཟད། དུས་དེར་འབབ་པའི་བབས་སྤར་ཡང་དྭ་ཡིན་པ་དང་འདོམ་པ་ལྟ་བུ་ཡིན། |
| Domain | རྩིས་རིག |