12427

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཤིན་དོན་བདུན་ཚིགས་ཀྱི་ཆོ་ག་འཁོར་བ་དོང་སྤྲུག་ (1)
Part of speech མིང་ཚིག
Definition ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། གཤིན་དོན་བདུན་ཚིགས་ཀྱི་ཆོ་ག་འཁོར་བ་དོང་སྤྲུག ཅེས་བྱ་བ་སྟེ། གཏེར་གཞུང་ལས། བདག་འདྲ་པདྨ་རིག་འཛིན་ཚེ་དབང་གིས༔ རིགས་དྲུག་དུཿཁ་བཅད་པའི་སྤུ་གྲི་འདི༔ ཟབ་མོའི་བཅུད་བསྡུས་ཕྱི་རབས་དོན་དུ་སྦས༔ རྩོད་ལྡན་དུས་མཐར་བློ་ལྡན་སྙིང་རྗེ་ཅན༔ ལས་ཅན་དེས་རྙེད་འགྲོ་དོན་མཐའ་རྒྱས་ཤོག༔ ཅེས་པ་བཞིན། གཏེར་ཆེན་རཏྣ་གླིང་པས་གཉལ་སྨད་དགེ་རིའི་བྲག་ནས་བཏོན་པའོ། །འདིའི་ནང་དོན་ལ། ཚེ་འདས་རིགས་དྲུག་གི་གནས་ནས་དྲང་བ་ལ་གནས་སྦྱང་བ་དང་། གནས་ནས་འདྲེན་པ། སྡིག་སྒྲིབ་བཀྲུ་བ། ལན་ཆགས་འཇལ་བ། ཆོས་བཤད་པ། ཕྱག་ཁྱད་དུ་གཞུག་པ། ཕྱིས་འབྲེལ་བཅད་པ་དང་བདུན་གྱི་སྒོ་ནས་བདུན་ཚིགས་ཀྱི་ཆོ་གའི་རིམ་པ་བསྟན།