12431
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཤིན་པོ་ལ་ཤིན་ཏུ་གནོད་པའི་བགེགས་གསུམ་ནི། དང་པོ། ལྷན་ཅིག་སྐྱེས་པའི་འདྲེ་ཞེས་བྱ་བ་སྟེ་དེ་སྟོབས་ཆེ་ཞིང་ལྷན་ཅིག་སྐྱེས་པའི་ལྷ་སྟོབས་ཆུང་ཞིང་། དེས་ཚེ་འདས་དེའི་གཟུགས་བཟུང་ནས་གནས་པར་འདྲེ་དེས་ཤིན་ཏུ་འཚེ་སྟེ། གསོན་པོ་ལའང་གནོད། གཉིས་པ་ནི། དྲི་ཟ་འཆི་ཁ་མའི་སེམས་ལ་ཉེ་བར་འཇུག་པ་ཞེས་པ། འཆི་ཁར་དབུགས་མ་སོང་གོང་དུ་གཤིན་པོའི་ཁོག་ཏུ་རྩ་ཡིག་ཕྲ་ས་ལེ་བ་དེར་ཞུགས་ནས་ཡུད་ཙམ་བསྡད་པ་དེས་སྔ་ཕྱིའི་ལོ་རྒྱུས་ཐམས་ཅད་ཤེས་ཏེ་གཤིན་པོའི་གཟུགས་བཟུང་ནས་ཆ་བསྐུར་བ་ལྟར་བྱེད་ནས་གསོན་གཤིན་གཉིས་ཀ་ལ་གནོད་པ་སྐྱེལ་ཞིང། དེ་ཉིད་ནི་འཆི་བར་གྱུར་པ་ལུང་བསྟན་པ་ལས་དྲི་ཟ་འཆི་ཁ་མའི་སེམས་ལ་ཉེ་བར་འཇུག་པ་ཞེས་དང། ཁྱབ་བྱེད་དང། པི་ཙི་དང། གནོད་སྦྱིན་སྨྲ་འདོད་དང། ཝཱ་ར་ཧཱི་ཞེས་གསུངས་པ་ཡིན་ནོ། །གསུམ་པ་ནི། སྔོན་གྱི་ལས་ཀྱི་རྗེས་སུ་འབྲངས་པའི་བགེགས། ལས་ཀྱི་དབང་གིས་གཤིན་པོ་དེ་ཉིད་བར་དོ་ལ་གནས་དུས་དང། སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་གནོད་པའི་བགེགས་དེ་གསུམ་མོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། ། |
| Domain | ཆོས་ལུགས། |