From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གཤིན་རྗེ་གཤེད་ཀྱི་སྒྲུབ་པའི་ཐབས་ (1)
| Part of speech
|
མིང་ཚིག
|
| Definition
|
སློབ་དཔོན་འགྲོ་བཟང་སྙིང་པོས་མཛད་པའི་གཤིན་རྗེ་གཤེད་ཀྱི་སྒྲུབ་པའི་ཐབས། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་གཏན་ལ་ཕབ། འདི་གོང་དུ་པེ་ཅིང་པར་མ་དང་། སྣར་ཐང་པར་མ་སྡེ་དགེ་པར་མ། ཅོ་པར་མ་བཞི་ཀར་གཤིན་རྗེ་གཤེད་ཀྱི་རྒྱུད་སྐོར་ལ་བཞུགས་པའི་ཆོས་ཚན་ ༠༨༦༨ པ་དང་བསྐྱར་ཟློས་སུ་འཁོད་འདུག བསྟན་འགྱུར་རྒྱུད་ག་པར་བཞུགས།
|
གཤིན་རྗེ་གཤེད་ཀྱི་སྒྲུབ་པའི་ཐབས་ (2)
| Part of speech
|
མིང་ཚིག
|
| Definition
|
སློབ་དཔོན་འགྲོ་བཟངས་སྙིང་པོས་མཛད་པའི་གཤིན་རྗེ་གཤེད་ཀྱི་སྒྲུབ་པའི་ཐབས། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་གཏན་ལ་ཕབ། ཆོས་ཚན་འདི་འོག་ཏུ་པེ་ཅིང་པར་མ་དང་། སྣར་ཐང་པར་མ་གཉིས་ལ་གསར་བཅུག་གི་སྐབས་སུ་བཞུགས་པའི་ཆོས་ཚན་ ༢༩༧༤ པ་དང་བསྐྱར་ཟློས་སུ་འཁོད་འདུག བསྟན་འགྱུར་རྒྱུད་མི་པར་བཞུགས།
|