From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གཤིན་རྗེ་དགྲ་ནག་པོའི་སྒྲུབ་ཐབས་ (1)
| Part of speech
|
མིང་ཚིག
|
| Definition
|
སློབ་དཔོན་ཨ་ཤྭ་ཀ་ཤྲཱིས་མཛད་པའི་གཤིན་རྗེ་དགྲ་ནག་པོའི་སྒྲུབ་ཐབས། པཎྜི་ཏ་དྷརྨ་ཤྲཱི་མི་ཏྲ་དང༌། ལོ་ཙཱ་བ་ཆོས་ཀྱི་བཟང་པོས་བསྒྱུར། འདི་དང་གོང་གི་ཆོས་ཚན་ ༡༥༡༥ པ་གཉིས་མཚན་བརྗོད་རྣལ་འབྱོར་རྒྱུད་དུ་བསྟན་པའི་ཆོས་སྐོར་དུ་བཞག་པའང་། བུ་སྟོན་དང་པེ་ཅིང་པར་མ་དང་། སྣར་ཐང་པར་མའི་དཀར་ཆག་ཏུ་འདིའི་དགྲ་ནག་འཇིགས་བྱེད་རྣམས་ཀྱང་འདི་ཉིད་དུ་བཞུགས་པར་བྱའི་གཞན་དུ་མི་འཁྱར་བར་བྱའོ། །ཞེས་དང་། སྡེ་དཀར་དུ་དེ་ལྟར་འཁོད་པའི་མཇུག་ཏུ་བུ་སྟོན་གྱིས་གསུངས་ཞེས་འཁོད། ཨཱ་ཙཱརྱ་བི་ན་ཡ་ཙནྡྲ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། བསྟན་འགྱུར་རྒྱུད་ཅུ་པར་བཞུགས།
|
གཤིན་རྗེ་དགྲ་ནག་པོའི་སྒྲུབ་ཐབས་ (2)
| Part of speech
|
མིང་ཚིག
|
| Definition
|
གཤིན་རྗེ་དགྲ་ནག་པོའི་སྒྲུབ་ཐབས། བསྟན་འགྱུར་རྒྱུད་མུ་པར་བཞུགས།
|