12493
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གྲུབ་ཐོབ་ཀྱི་འཁོར་ལོས་སྒྱུར་བ་བྲམ་ཟེ་དཔལ་འཛིན་གྱི་ཞལ་སྔ་ནས་མཛད་པའི་གཤིན་རྗེ་མཐར་བྱེད་དམར་པོའི་བྱིན་གྱིས་བརླབ་པའི་རིམ་པ། རྒྱ་གར་གྱི་མཁན་པོ་དརྤན་ཨཱ་ཙཱརྱ་དང༌། གློ་བོ་ལོ་ཙཱ་བ་དགེ་སློང་ཤེས་རབ་རིན་ཆེན་གྱིས་བསྒྱུར། པེ་ཅིང་པར་མ་དང་། སྣར་ཐང་པར་མ་ལ་འགྱུར་བྱང་གི་རྗེས་སུ་བོད་དུ་འགྱུར་བའི་བྱིན་རླབས་ཀྱི་བཀའ་ལ་འདི་ལས་ཟབ་པ་ཚང་བ་བྱིན་བརླབས་ཆེ་བ། མཉན་པ། བརྒྱུད་པ་དང་ལྡན་པ་མེད་པས་སུ་ཐོད་ཐོད་ལ་མ་བྱིན། བསྙེན་པ་ཡོངས་སུ་མ་རྫོགས་ན་མཁའ་འགྲོ་མའི་བཀའ་ཆད་འོང་བས་ཤིན་ཏུ་མཉན། རྗེས་གནང་མ་ཐོབ་པར་དཔེའང་མ་སྟོན་ཨ་ཞེས་བླ་མ་རྒྱ་གར་ཤར་ཕྱོགས་པ་གསུང་། སྐུ་གསུང་ཐུགས་ཀྱི་རྒྱ། ཞེས་འཁོད། བསྟན་འགྱུར་རྒྱུད་ཙི་པར་བཞུགས། |