12497
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཤིན་རྗེ་ཚེ་བདག་ནག་པོའི་ལས་མཐའ་བསྲུང་བཟློག་བསད་གསུམ་གྱི་མགུ་ཤིན་ཏུ་ཟབ་པ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། བདག་འདྲ་ཨོ་རྒྱན་པདྨའི་ཐུགས་བཅུད་འདི༔ དུས་ཀྱི་ཐ་མ་ལྔ་བཅུ་ཁ་རལ་ཚེ༔ འདི་ནས་ཤར་ཕྱོགས་མོན་བོད་ས་མཚམས་སུ༔ ཆོས་ཀྱི་བདག་པོ་མཐུ་སྟོབས་གདུལ་བྱའི་བདག༔ ཐུགས་ཀྱི་སྲས་དང་ཡང་གཏེར་འདི་འཕྲད་ཤོག༔ ཅེས་པ་དང་། མཇུག་ཏུ། གཏེར་སྟོན་རཏྣ་གླིང་པས་བྱ་ལོ་ཁྱི་ཟླའི་ཚེས་བཅུ་གསུམ་ལ་བདེ་ཆེན་གླིང་དུ་དག་པར་བཤུས་པའོ༔ ཞེས་གསལ་བ་ལྟར། ཨོ་རྒྱན་ཆེན་པོས་གསུངས་པ་ཉིད་གཏེར་ཆེན་རཏྣ་གླིང་པས་གཏེར་ནས་བཞེས། འདིའི་ནང་དོན་ལ། གཤིན་རྗེ་ཚེ་བདག་ནག་པོ་མེའི་འཁོར་ལོའི་སྤུ་གྲི་བསྲུང་བ་དང། བཟློག་པ། བསད་པ། མནན་པ་བཅས་ལས་བཞིའི་སྒོ་ནས་བསྒྲུབ་ཚུལ་བསྟན། |
| Domain | ཆོས་ལུགས། |