12504

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཤིན་རྗེའི་དགྲ་གྲུབ་པའི་འཁོར་ལོའི་སྒྲུབ་ཐབས་ (1)
Part of speech མིང་ཚིག
Definition དཔལ་ཨུ་རྒྱན་གྱི་ཡུལ་ནས་བྱུང་བ་གྲུབ་པའི་འཁོར་ལོ་ཇི་ལྟར་རྙེད་པ་ཀླུའི་བྱུང་ཆུབ་ཀྱིས་མཛད་པའི་གཤིན་རྗེའི་དགྲ་གྲུབ་པའི་འཁོར་ལོའི་སྒྲུབ་ཐབས། བསྟན་འགྱུར་རྒྱུད་ཙི་པར་བཞུགས།
གཤིན་རྗེའི་དགྲ་གྲུབ་པའི་འཁོར་ལོའི་སྒྲུབ་ཐབས་ (2)
Part of speech མིང་ཚིག
Definition སློབ་དཔོན་དེ་བ་ཨཱ་ཀ་ར་ཙནྡྲས་མཛད་པའི་གཤིན་རྗེ་གཤེད་ནག་པོ་གདོང་དྲུག་པའི་འཁོར་ལོའི་སྒྲུབ་ཐབས། བསྟན་འགྱུར་རྒྱུད་ཙི་པར་བཞུགས། རྒྱ་གར་གྱི་མཁན་པོ་དེ་བ་ཨཱ་ཀ་ར་ཙནྡྲ་དེ་ཉིད་དང༌། ཅོག་རོ་བནྡེ་ཤེས་རབ་བླ་མས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ།