12513

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཤིན་རྗེའི་འཇིག་རྟེན་ནས་ཤི་འཕོས་པའི་གང་ཟག་གི་ཚན་པ་ཉེར་གཉིས་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་ལེའུ་ཉེར་ལྔ་པ་མུ་སྟེགས་ཅན་ལུང་བསྟན་པའི་ལེའུ་ལས་བྱུང་བ་སྟེ། ༡ སྐྲ་སེར་བ་ཡིན། ༢ མིག་ཝའི་མིག་འདྲ་བ་ཡིན། ༣ རྟག་པར་བཀྲེས་པ་ཡིན། ༤ རྟག་ཏུ་སྐོམ་པ་ཡིན། ༥ སེར་སྣ་ཆེ་བ་ཡིན། ༦ འདོད་ཆེན་ཆེ་བ་ཡིན། ༧ ཐོབ་པ་མི་རྙེད་པ་ཡིན། ༨ གཞན་གྱི་ལ་རེ་བ་ཡིན། ༩ ཁྲོ་བ་ཡིན། ༡༠ མིག་དམར་བ་ཡིན། ༡༡ བཟའ་བ་ཐམས་ཅད་ལ་སྲེད་པ་ཡིན། ༡༢ བདོག་ཐམས་ཅད་ལ་ཆགས་པ་ཡིན། ༡༣ སྦྱིན་པའི་གནས་དགུ་མཐོང་བར་མི་འདོད་པ་ཡིན། ༡༤ དངོས་པོ་ཀུན་ལ་ཡང་དེ་རྐུ་བའི་སེམས་ཡོད་པ་ཡིན། ༡༥ དངོས་པོ་ངན་པ་རྣམས་ལ་ཡང་དགའ་བ་ཡིན། ༡༦ ཐོབ་པ་ལ་མོས་པ་ཡིན། ༡༧ ཟས་སྐོམ་མི་གཙང་བ་ལ་དགའ་བ་ཡིན། ༡༨ གཞན་གྱི་ཕུན་སུམ་ཚོགས་པ་ལ་ཕྲག་དོག་བྱེད་པ་ཡིན། ༡༩ གཞན་གྱི་ལོངས་སྤྱོད་ལ་སྲེད་པ་བསྐྱེད་པ་ཡིན། ༢༠ གཞན་གྱི་ལོངས་སྤྱོད་གང་ཡིན་པ་དེ་དག་ལ་བདག་གི་སྙམ་དུ་སེམས་པ་ཡིན། ༢༡ ཟས་གཏོང་ན་སེམས་མི་དགའ་བ་ཡིན། ༢༢ ཚོང་འདུས་ཀྱི་སྲང་དག་ནས་ཀྱང་ཤིང་ཏོག་ལེན་པ་ཡིན་པ་བཅས་སོ། །
Domain ཆོས་ལུགས།