12518

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཤིན་རྩིས་ (1)
Part of speech མིང་ཚིག
Definition འགྲོ་བའི་སྡུག་བསྔལ་སེལ་བའི་ཐབས་ཚུལ་དུ་གསུངས་པའི་འབྱུང་རྩིས་རིག་པའི་ནང་གསེས་ཤིག་སྟེ། ལུས་ཅན་ཚེ་ཡི་དུས་བྱས་ཚེ་གསོན་གཤིན་གཉིས་ཀར་བར་ཆད་བྱེད་པའི་རྐྱེན་བགེགས་ཅི་ཡོད་རྩིས་སུ་ཕབ་ནས་ངེས་པ་བརྟན་པོ་རྙེད་ཐོག་རྐྱེན་སེལ་གྱི་གཏོ་དང་། འདུར་སོགས་གང་ལ་གང་དགོས་ལུང་དུ་སྟོན་པའི་རྩིས་ལ་ཟེར་བ་ཡིན། འབྱུང་རྩིས་ཟླ་བའི་འོད་ཟེར་ལས་གསོན་གྱི་ཁོག་ནས་གཤིན་དབྱུང་དང་། གཤིན་གྱི་ཁོག་ནས་གསོན་འདོན་པ། གཤིན་གྱི་འདུར་ཤིད་བརྟག་པ་བཅས་ས་བཅད་གསུམ་གྱི་ལམ་ནས་དུར་མཛོད་དམ་ཟངས་ཀྱམ་རྩིས་འདི་གཏན་འབེབ་གནང་ཡོད། དེ་ལས་སྔ་མ་ནི་གསོན་གདན་ཕྱིང་དཀར་གཡས་སུ་བཏིངས་ནས་ཤུལ་ལུས་ནང་མི་དུ་ཡོད་ལ་ཀེག་རྩིས་རྡེའུ་ཉི་ཤུ་མ་རེ་བརྒྱག་རྒྱུ་དང་། བར་མ་ནི་བླ་རྡེལ་ཏེ་གཤིན་ཁོངས་ནས་གསོན་རྟགས་གཏན་ལ་དབབ་རྒྱུ། ཕྱི་མ་ནི་གཤིན་གདན་རོག་པོ་གཡོན་དུ་བཏིངས་ནས་སྡེ་ཚན་བཅུ་གཉིས་ལ་རྡེའུ་བརྒྱ་དང་གོ་དགུ་བོར་ཏེ་གཤིན་རྩིས་དངོས་བརྒྱག་རྒྱུ་བཅས་ཡིན།
Domain རྩིས་རིག