12534

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཤིས་ངན་འགུམ་པ་བཅོ་ལྔ་ (1)
Part of speech མིང་ཚིག
Definition ༡ ལྟོགས་ཏེ་འགུམ་པ། ༢ མཚོན་དང་ལྕགས་དབྱིག་གི་འོག་ཏུ་འགུམ་པ། ༣ དགྲ་དང་དུག་མཚོན་གྱིས་འགུམ་པ། ༤ དམག་གི་གཡུལ་དུ་འགུམ་པ། ༥ སྟག་སྤྱང་སོགས་གཅན་གཟན་གྱིས་འགུམ་པ། ༦ སྦྲུལ་གདུག་པོས་འགུམ་པ། ༧ ཆབ་ཀྱིས་འཚལ་ཏེ་འགུམ་པ། ༨ ཞུགས་ཀྱིས་འགུམ་པ། ༩ དུག་གིས་འགུམ་པ། ༡༠ མཁའ་འགྲོ་དང་མཁའ་འགྲོ་མས་འགུམ་པ། ༡༡ སེམས་སྟོར་ཞིང་མྱོས་པས་འགུམ་པ། ༡༢ རིའམ་བྲག་གམ་ཤིང་ངམ་གད་གཡང་ལ་ལྷུང་ནས་འགུམ་པ། ༡༣ བྱད་སྟེམས་ཀྱིས་འགུམ་པ། ༡༤ ལྷ་སྲིན་སྡེ་བརྒྱད་སོགས་འདྲེ་གདོན་གྱིས་འགུམ་པ། ༡༥ རིམས་ནད་ཀྱིས་འགུམ་པ་བཅས་སོ། །