12560
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱུ་སྐར་ཉེར་བརྒྱད་ལས་བརྩི་བྱ་སོ་སོར་བྱེ་བྲག་ཏུ་ངན་པའི་སྐར་མ་སྟེ། དེ་ནི་བརྩི་བྱ་སོ་སོའི་རང་ལོ་གང་ཡིན་ལ་བརྟེན་པ་ཡིན་པས། རང་ལོ་བྱི་བ་ཡིན་པའི་བརྩི་བྱའི་གཤེད་སྐར་མོན་དྲེ་དང་། གླང་ཡིན་པའི་བརྩི་བྱའི་གཤེད་སྐར་མགོ སྟག་ཡིན་པའི་བརྩི་བྱའི་གཤེད་སྐར་བྲ་ཉེ། ཡོས་ཡིན་པའི་བརྩི་བྱའི་གཤིན་སྐར་སྣྲོན། འབྲུག་ཡིན་པའི་བརྩི་བྱའི་གཤིན་སྐར་གྲེ། སྦྲུལ་ཡིན་པའི་བརྩི་བྱའི་གཤིན་སྐར་ལག རྟ་དང་ལུག་ཡིན་པའི་བརྩི་བྱའི་གཤེན་སྐར་ནམ་གྲུ། སྤྲེལ་ཡིན་པའི་བརྩི་བྱའི་གཤིན་སྐར་ལྷ་མཚམས། བྱ་ཡིན་པའི་བརྩི་བྱའི་གཤིན་སྐར་མོན་གྲུ། ཁྱི་དང་ཕག་ཡིན་པའི་བརྩི་བྱའི་གཤིན་སྐར་དབོ་བཅས་ཡིན། གལ་སྲིད་བརྩི་བྱ་སུ་ཞིག་མས་བཙའ་དུས་ཀྱི་སྐར་མ་དེ་རང་ལོའི་གཤེད་སྐར་ཡིན་ན་ཚེ་ཐུང་ཞིང་། དེ་ལྟའི་གཤེད་སྐར་དག་རེས་གཟའ་དང་འགྲོགས་པའི་ཟླ་སྐར་ཡིན་དུས་བརྩི་བྱ་དེ་ཉིད་ཀྱིས་བྱ་ལས་གང་བྱས་ཀྱང་ངན་པར་བཤད། |
| Domain | རྩིས་རིག |