From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གཤེན་ (1)
| Part of speech
|
མིང་ཚིག
|
| Definition
|
བོན། རྟག་གཟིག་འོལ་མོ་ལུང་རིང་དུ་གདུང་རྒྱུད་འཛིན་པའི་རྒྱལ་པོ་སྡེ་དྲུག་གི་ནང་ནས་ཁྱད་པར་འཕགས་པ་དམུ་རིགས་གཤེན་གྱི་གདུང་རྒྱུད་ལ་གོ །ཁྱད་པར་འཕགས་པའི་རྒྱུ་མཚན་ནི། གདུང་རྒྱུད་འདི་ལས་དུས་གསུམ་སངས་རྒྱས་ཀྱི་ཡབ་ཡུམ་རྟག་ཏུ་འབྱུང་བར་བཤད་དོ། །བསྐལ་སྟོང་སངས་རྒྱས་སྟོང་རྩ་གཉིས་ཀྱི་ནང་དུ་རྣམ་འདྲེན་བརྒྱད་པ་ཚེ་ལོ་བརྒྱ་པའི་མགོན་པོ་སྟོན་པ་གཤེན་རབ་མི་བོའི་གདུང་རྒྱུད་ཀྱང་འདི་ཡིན། གཤེན་ཞེས་བྱ་བ་ནི། ཐོག་མར་གཤེན་ལྷའི་ཐུགས་ཀྱི་སྤྲུལ་པ་མེས་པོ་དམུ་ཕྱུག་སྐྱེར་ཞོན་བྱོན་པ་ནས་གདུང་རྒྱུད་འདི་འཕེལ་བ་ཡིན་པར་བཤད་པས་དེ་སྐད་དུ་བརྗོད་དོ། །འདི་ལ་དམུ་གཤེན་ལྷའི་གདུང་རྒྱུད་ཞེས་ཀྱང་བྱ་བས་སོ། །གདུང་འདི་ལའང་དམུ་ཞེས་བརྗོད་པ་ནི། ཞང་སྐད་ཡིན་པའམ་ཡང་ན་ཡུལ་མིང་རྒྱུད་པ་ལ་ཐོགས་པར་མངོན་ཏེ། གཤེན་ལྷའི་ཐུགས་ཀྱི་སྤྲུལ་པ་འོད་ཟེར་སྨུག་པོ་ཞིག་དམུ་རི་སྨུག་པོའི་རྩེ་ལ་བབས་པ་ལས་གདུང་རྒྱུད་འདི་ཉིད་མཆེད་པར་བཤད་པས་ཡུལ་མིང་དམུ་རིའི་མིང་དེ་གདུང་རྒྱུད་ལ་ཐོགས་པ་ཡིན་ནོ། །
|
གཤེན་ (2)
| Part of speech
|
མིང་ཚིག
|
| Definition
|
བླང་འདོར་དོན་ལ་གཉེར་བའམ་སྒྲུབ་པ་དང་། ལས་སྤྱོད་དག་པའི་གང་ཟག། སྤངས་རྟོགས་ཀྱི་ཡོན་ཏན་ལྡན་པ། བསྟན་འགྲོའི་དོན་མཛད་པའི་འཕགས་པའི་སྐྱེས་བུ་བཅས་ལ་འཇུག་སྟེ། དེ་ལ་བདག་སྒྲ་སྦྱར་བས་རྒྱུའི་གཤེན་རབ་དང་། ཐུགས་རྗེ་སྤྲུལ་པའི་གཤེན་རབ། ནང་པ་གཤེན་རབ་པ། གཤེན་པོ། བོན་གཤེན། གཤེན་བོན། སྒྲུབ་གཤེན། ཐེག་ཆེན་སེམས་བསྐྱེད་རྒྱུད་ལ་བརྟེན་པས་གཤེན་རབ་གཡུང་དྲུང་སེམས་དཔའ། སྤངས་རྟོགས་ཕུལ་དུ་ཕྱིན་པས་གཤེན་རབ་མཆོག་དེ་བཞིན་གཤེགས་པ་བཅས་དེ་དག་ཀུན་ལ་གཤེན་ཞེས་བྱ་བའི་མིང་གིས་འཇུག་པའི་གནད་དེ་ལྟར་ཡིན་པར་ཤེེས་སོ། །དེ་ཡང་གཟི་བརྗིད་ལས། གཤེན་ནི་དེ་དག་འདུལ་བས་གཤེན། ཞེས་དང་། རྗེའི་མཉམ་མེད་ཆེན་པོའི་བྱང་སེམས་གབ་པའི་འགྲེལ་བ་ལས། གཞི་བཞིན་དུ་བློ་གྲོལ་བའི་སེམས་ཅན་ཤེས་པའི་རྒྱུད་ཉོན་མོངས་པ་ལ་སོགས་ཀྱིས་དག་པ་ལ་ནི། གཤེན་རབ་ཏུ་གདགས་སོ། །དེའི་ཕྱིར། བྱང་སེམས་རྟོགས་ན་ནི། ཁམས་གསུམ་གང་དུ་གནས་ཀྱང་སྐྱེས་བུ་དེ་ནི། གཤེན་རབ་ཡིན་ལ། བྱང་སེམས་མ་རྟོགས་ན་ནི། འོག་མིན་དུ་གནས་ཀྱང་སྐྱེས་བུ་དེ་ནི་སེམས་ཅན་ཡིན་ནོ། །ཞེས་གསུངས་པས་ངེས་སོ། །
|
གཤེན་ (3)
| Part of speech
|
མིང་ཚིག
|
| Definition
|
ལས་ཚིག་གི་དོན་ཅན་ཞིག་སྟེ། བྱོན་པའམ་གཤེགས་པ་དང་། འགྲོ་དོན་དུ་བྱོན་པའམ་གཤེགས་པའི་དོན་དུ་འཇུག་སྟེ། དྲི་མེད་གཟི་བརྗིད་ལས། གཤེན་ནི་འགྲོ་བ་འདུལ་བར་བྱོན་པས་གཤེན། ཞེས་པས་སོ། །
|
གཤེན་ (4)
| Part of speech
|
མིང་ཚིག
|
| Definition
|
བདལ་བའམ་ཁྱབ་པའི་དོན་ལའང་འཇུག་སྟེ། ཁམས་སྡུད་ཚིགས་བཅད་མའི་འགྲེལ་ལས། བོན་ཉིད་ཀློང་ན་སེམས་ཉིད་བདལ་པས་ན་གཤེན་ནོ། ཞེས་པས་སོ། །
|