12563

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཤེན་གྱི་རྟ་བདུན་ (1)
Part of speech མིང་ཚིག
Definition བོན། རྣམ་མཁྱེན་སྟོན་པ་གཤེན་རབ་ཀྱི་ཆིབས་པའམ་རྟ་བདུན་ཏེ། རང་བཞིན་སྤྲུལ་པའི་ཆིབས་པ་ལྔ་དང་། དབང་རྟ་སྤྲིན་གྱི་ཤུགས་ཅན་དང་། འབྲུག་རྟ་སྔོན་པོ་དང་བདུན་ལ་གཤེན་གྱི་རྟ་བདུན་ཞེས་བྱ་སྟེ། མདོ་དྲི་མེད་གཟི་བརྗིད་ལས། སྤྲུལ་པའི་སྐུ་ལ་ཐོགས་པ་མི་མངའ་ཞིང་། རྫུ་འཕྲུལ་གོམ་པས་མཁའ་ལ་བགྲོས་ལགས་ཀྱང་། འགྲོ་བ་རང་མཐུན་ཆ་ལུགས་བསྟན་པའི་ཕྱིར། ཡང་དག་གཤེན་གྱི་རྟ་བདུན་དང་ཆས་ཏེ། དེ་ཡང་རང་བཞིན་སྤྲུལ་པའི་ཆིབས་ལྔ་དང་། དབང་རྟ་སྤྲིན་གྱི་ཤུགས་ཅན་དང་། འབྲུག་རྟ་སྔོན་པོ་དང་བདུན་ཏེ། ཡང་དག་གཤེན་གྱི་རྟ་བདུན་ལ། ཟ་འོག་དར་གྱི་འབོལ་གདན་དང་། གསེར་སྒ་གཡུ་སྲབ་རྒྱན་དང་ཆས་པ་རུ་བྱས་ནས། སྟོན་པའི་ཆིབས་སུ་མཛད། ཅེས་གསུངས་སོ། །
Domain ཆོས་ལུགས།