12564

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཤེན་ཆེན་ཀླུ་དགའ་ (1)
Part of speech མིང་ཚིག
Definition སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། སྟོང་རྒྱུང་མཐུ་ཆེན་སྤྲུལ་བ་སྟེ། འཆི་མེད་གཙུག་ཕུད་དངོས་དང་འདྲ། དམུ་རིགས་སྒོ་རྒྱལ་གཤེན་གྱི་རྒྱུད། གཤེན་སྒུར་ཀླུ་དགའ་བྱ་བ་ཡིས། མཚོ་རྔམ་བྲག་ལ་གཏེར་སྒོ་ཕྱེ། ཞེས་པའི་མ་འོངས་ལུང་གིས་ཟིན་པའི་སྐྱེས་མཆོག་ནི། གཞིས་རྩེ་ས་གནས་བཞད་མཐོང་སྨོན་རྫོང་གི་ཁོངས་སུ་གཏོགས་པའི་གཤེན་ཚང་ཞེས་པའི་གནས་དེར་དམུ་རིགས་གཤེན་གྱི་གདུང་འཛིན་ཡབ་དམ་པ་དཔལ་མགོན་གྱི་སྲས་སུ། མེ་སྤྲེལ་ཕྱི་ལོ་ ༩༩༤ ལོར་འཁྲུངས། དགུང་ལོ་བཅུ་གསུམ་ཐོག་ལྷ་སྲུང་གིས་གཏེར་སྒོ་ཕྱེ་རྒྱུའི་ལུང་བསྟན་ཐོབ་ཀྱང་། སྐུ་མཆེད་ཀླུ་རྩེག་དང་ཁེ་ཁོད་གཉིས་ཡོད་པས། ཀླུ་རྩེག་གྲོངས་པའི་རྐྱེན་གྱིས་ལོ་ལྔ་ཙམ་ལ་ཕྱི་བཤོལ་དུ་ཕྱིན། དགུང་ལོ་བཅུ་དགུ་ཐོག་ཏུ་ར་ཤག་བླ་ཆེན་དྲུང་ནས། གཡུང་དྲུང་ཞི་རྒྱས་ཁྲོ་རྒྱས་གཉིས་དང་། ཨ་ནུ་ཕྲག་ཐག་གིས་མཛད་པའི་མཆོད་གཏོར་ཤོག་ཅིག་མ་རྣམས་ཞུས་ཡོད། དེའི་རྗེས་སུ་འབྲིག་མཚམས་མཐའ་དཀར་དུ་རང་ཤོང་ཙམ་གྱི་གཡའ་མའི་སྤྱིལ་པོ་ཞིག་ཕུབ་ཅིང་། སྒྲུབ་པ་མཉམ་ལེན་མཛད་ནས་བཞུགས་པའི་སྐབས་དེར་ཉམས་སད་རྟགས་མཚན་ཅི་རིགས་སུ་བྱུང་ངོ་། །དགུང་ལོ་ཉི་ཤུའི་ཐོག་ཏུ་གཏེར་གྲོགས་ག་བཟའ་དཔལ་སྒྲོན་ཁབ་ཏུ་བཞེས། ལོ་དེར་མཁའ་འགྲོ་མ་དངོས་སུ་བྱོན་ནས་བརྡ་དང་ལུང་བསྟན་ཐོབ་སྟེ། ལྷ་དང་མཁའ་འགྲོ་ལ་གསོལ་མཆོད་འབུལ་ནས་མུ་ཡད་དངོས་གྲུབ་བླངས། མེ་མོ་སྦྲུལ་ཕྱི་ལོ་ ༡༠༡༧ དགུན་ཟླ་འབྲིང་པོའི་ཚེས་ཉི་ཤུ་བཞི། སྐར་མ་ཁྲའི་ཉིན་གྱི་སྔ་དྲོར་གཏེར་རུ་བཞེངས་ཏེ། བཏོན་པའི་བོན་སྒོ་ནི། ཁམས་བརྒྱད་སྟོང་ཕྲག་བརྒྱ་པའི་འབུམ། མཆོང་འབུམ་དུམ་པ་བཞི། སྲིད་པའི་མཛོད་ཕུགས། རྣམ་དག་ཡུམ་གྱི་འཕྲིན་ལས། ཐང་མ་འོད་རྒྱལ་གྱི་མཆོད་གཏོར། ཀུན་རིག་སྦྱིན་སྲེག ཞི་བ་ཡོངས་རྫོགས། དབང་ཆེན་རྒྱུད་དྲུག་སོགས་མང་པོ་བཏོན། རྒྱུད་པ་ལའང་སྲས་རྒྱུད་དང་སློབ་རྒྱུད་གཉིས་སུ་བྱོན་པས། སྲས་རྒྱུད་ནི་ད་ལྟའི་གཤེན་སྲས་ནོར་བུ་དབང་རྒྱལ་གྱི་བར་དུ་རིམ་པས་བྱོན་ཞིང། སློབ་རྒྱུད་ནི་བོད་སྟོད་སྨད་བར་གསུམ་དུ་མང་དུ་བྱོན་ཡང་། གཙོ་བོ་བཀའ་བབ་བཞིའི་རྒྱུད་པ་སྟེ། བཀའ་བབ་བཞི་ནི། ལྕོག་ལ་གཡུ་སྐྱིད་དང། ཞུ་ཡས་ལེགས་པོ། བྲུ་ཆེན་ནམ་མཁའ་གཡུང་དྲུང། སྤ་སྟོན་དཔལ་མཆོག་བཟང་པོ་དང་བཞིའོ། །ལྕོག་ལ་གཡུ་སྐྱིད་ལ་ཁམས་བརྒྱད་འབུམ་སོགས་ཀྱི་བཀའ་བབས། ཞུ་ཡས་ལེགས་པོ་ལ་བྱང་སེམས་གབ་པ་སེམས་ཕྱོགས་སོགས་ཀྱི་བཀའ་བབས། བྲུ་ཆེན་ནམ་མཁའ་གཡུང་དྲུང་ལ་མཛོད་ཕུགས་མཚན་ཉིད་སྡེ་སོགས་ཀྱི་བཀའ་བབས། སྤ་སྟོན་དཔལ་མཆོག་བཟང་པོ་ལ་ཁྲོ་བོ་དབང་ཆེན་གཙོས་པའི་གསང་སྔགས་ཀྱི་བཀའ་བབས་པའོ། །བསྟན་པ་ཕྱི་དར་སྐབས་སུ་ཞང་བོད་ཁྲོད་དུ་གྱེར་བསྟན་རྒྱ་ཆེ་སྤེལ་བའི་མཁས་གྲུབ་གཙོ་བོ་ཞིག་ཡིན་ནོ། །

{{#arraymap:གཤེན་ཆེན་ཀླུ་དགའ་

|; |@@@ | | }}