12567
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཁྲུངས་ཡུལ་ནི་གནས་མཆོག་འོལ་མོ་གླིང་ཆེན་གྱི་ཞིང་དུ་ཡོད་པའི་མོ་གླིང་ཁོ་མ་ནེའུ་ཆུང་གི་གནས་དང་། ཡབ་ཡུམ་གཉིས་ནི། ཡབ་རྣམ་མཁྱེན་སྟོན་པ་གཤེན་རབ་མཆོག་དང་། ཡུམ་ལྷ་མོ་སུམ་བརྒྱ་དྲུག་ཅུའི་ནང་གསེས་དཔོ་ཟ་ཐང་མོ་དང་གཉིས་ལ་འཁྲུངས་པའི་སྲས་མོ་ལ་བུ་མོ་གཤེན་ཟ་ནེའུ་ཆུང་ཞེས་བྱ་སྟེ། རྩ་རྒྱུད་ཉི་ཟེར་སྒྲོན་མ་ལས། དཔོ་ཟ་ཐང་མོ་ཁབ་ཏུ་བཞེས། སྟོན་པ་གཤེན་རབ་འཁོར་བཅས་རྣམས། འོལ་མོ་ལུང་རིང་གནས་སུ་བྱོན། གསས་ཁང་ཁོ་མ་ནེའུ་ཆུང་དེར། དཔོ་ཟ་ཐང་མོ་བཙུན་མོར་བསུས། མི་ནོར་སྣ་དགུ་ཕོགས་སུ་བཏབས། བཀྲ་ཤིས་རོལ་རྩེད་དགའ་སྟོན་བྱས། སྲས་ནི་ལུང་འདྲེན་རྒྱུད་འདྲེན་དང་། བུ་མོ་གཤེན་ཟ་ནེའུ་ཆུང་འཁྲུངས། ཞེས་གསུངས་སོ། ། |