12568

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཤེན་ཟ་ནེའུ་ཆེན་ (1)
Part of speech མིང་ཚིག
Definition འཁྲུངས་ཡུལ་ནི་གནས་མཆོག་འོལ་མོ་གླིང་ཆེན་ཡིན། ཡབ་རྣམ་མཁྱེན་སྟོན་པ་གཤེན་རབ་དང་། ཡུམ་ལྷ་མོ་སུམ་བརྒྱ་དྲུག་ཅུའི་ནང་གསེས་གདུང་རྒྱུད་ཀྱི་རྒྱལ་པོ་ཧོས་དང་བ་ཡིད་རིང་གི་སྲས་མོ་ཧོས་ཟ་རྒྱལ་མེད་མ་ལ། ལོ་རྒན་དྲུག་ཅུའི་ནང་གསེས་གནམ་ལོ་བྱ་ཡི་ལོ་དང་། ར་བ་བཞིའི་ནང་གསེས་དཔྱིད་ཟླ་ར་བའི་ཚེས་བཅོ་ལྔ་ལ་འཁྲུངས་པའི་སྲས་མོ་ལ་གཤེན་ཟ་ནེའུ་ཆེན་ཞེས་བྱ་སྟེ། མདོ་དྲི་མེད་གཟི་བརྗིད་ལས། མཚན་དང་ལྡན་པའི་ཧོས་ཟ་རྒྱལ་མེད་མ་ལ། བྱ་ལོ་དཔྱིད་ཟླ་ར་བའི་ཚེས་བཅོ་ལྔ་ལ། སྐུ་ལས་མཚན་དང་ལྡན་པའི་སྲས་མོ་གཅིག་བལྟམས། ཞེས་དང་། ཡང་དེ་ཉིད་ལས། ཀུན་གཞི་བྱང་ཆུབ་སེམས་ཀྱི་ངོ་བོ་རྣམ་པར་དག་ཅིང་། ཕ་རོལ་ཏུ་ཕྱིན་པ་བཅུའི་དོན་དང་ལྡན་ཞིང་དུས་གསུམ་རྒྱལ་བའི་ཡུམ་དུ་གྱུར་པ་ཞིག་གདའ་འོ། །ཞེས་གསོལ་ནས། ཁ་མར་བཟང་པོར་བཏགས་སོ། །དེ་ནས་འཁོར་དུ་གཏོགས་པའི་སྡེ་བཞི་ཡ་བརྒྱད་རྣམས་ཀྱང་། ཤིན་ཏུ་ཡང་སྤྲོ་བ་སྐྱེས་ཏེ། བྲམ་ཟེས་སྨྲས་པ་ལ་མངོན་པར་བསྟོད་དོ། །ཞེས་གསོལ་ནས། བྲམ་ཟེས་ཀྱང་བུ་མོ་དེ་ནི་ཕྱི་སྣོད་དང་ནང་བཅུད་འཛོམས་ཤིང་། ཆེ་བའི་ཡོན་ཏན་དང་ལྡན་པས། མིང་དང་མཚན་ཡང་གཤེན་ཟ་ནེའུ་ཆེན་མ་བྱ་བར་བཏགས་སོ། །ཞེས་གསུངས་སོ། །