12569

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཤེན་རབ་ (1)
Part of speech མིང་ཚིག
Definition བོན། གནས་ལུགས་མཐར་ཐུག་གི་ལྟ་བ་རྟོགས་པ་དང་། དགེ་བའི་སྤྱོད་པ་ཆེ་ཕྲ་ཆུང་ཕྲ་ནས་དང་དུ་ལེན་པ། གཞི་སྙིང་རྗེའི་སེམས་ཀྱིས་གཞི་བཟུང་བ། ཐབས་ཕ་རོལ་ཕྱིན་བཅུའི་བློ་དང་ལྡན་པ་ཞིག་ལ་གཤེན་རབ་ཅེས་བྱ་སྟེ། མདོ་གཟེར་མིག་ལས། ལྟ་བ་ནི་ཡས་ཕུབ་ཅིག སྤྱོད་པ་ནི་མས་འཛེག་ཅིག གཞི་སྙིང་རྗེ་ཆེན་པོ་ལ་ལོངས་ཤིག ཐབས་ཕ་རོལ་དུ་ཕྱིན་པ་བཅུ་ལ་སྤྱོད་ཅིག དོན་དེ་བཞི་དང་ལྡན་པའི་གང་ཟག་རྣམས་ནི། གཤེན་རབ་ལགས་ཏེ། ཞེས་གསུངས།
Domain ཆོས་ལུགས།
གཤེན་རབ་ (2)
Part of speech མིང་ཚིག
Definition སངས་རྒྱས་གཟུགས་སྐུ་རྣམ་གཉིས་དང་། ལམ་ཞུགས་སེམས་དཔའ་ལའང་འཇུག་སྟེ། ཤེར་ཕྱིན་སྐབས་དང་པོ་ལས། ཡེ་སངས་རྒྱས་པའི་གཤེན་རབ་དང། ཐུགས་རྗེ་སྤྲུལ་བའི་གཤེན་རབ་དང། གང་ཟག་རྒྱུའི་གཤེན་རབ་དང་གསུམ་མོ། །དང་པོ་ནི། ལོངས་སྤྱོད་རྫོགས་སྐུ་ལྟ་བུའོ། །གཉིས་པ་ནི། མཆོག་གི་སྤྲུལ་སྐུ་དང་། མ་ངེས་སྤྲུལ་སྐུ་བསམ་གྱིས་མི་ཁྱབ་པ་རྣམས་སོ། །གསུམ་པ་ནི། སེམས་དང་པོ་བསྐྱེད་པ་ནས་རང་བྱུང་གི་ཡེ་ཤེས་མངོན་དུ་མ་གྱུར་གྱི་བར་རོ། །ཞེས་གསུངས།
གཤེན་རབ་ (3)
Part of speech མིང་ཚིག
Definition གྲུབ་མཐར་ཞུགས་པའི་གང་ཟག་ལའང་འཇུག་སྟེ། ཐེག་འགྲེལ་མེ་ལོང་དགུ་སྐོར་ལས། ནང་པ་གཤེན་རབ་ཐེག་པ་བསྡུས་ན་རྣམ་པ་གཉིས་སུ་འདུས་ཏེ། ཞེས་སོ། །དེ་ཡང་མཆོག་གསུམ་སྐྱབས་གནས་ཁས་ལེན་པའི་གྲུབ་མཐར་ཞུགས་པའི་གང་ཟག་ལ་ནང་པ་གཤེན་རབ་དང་། དེ་ལ་རྒྱུ་ཡི་ཐེག་པ་ལ་གནས་པའི་ནང་པ་གཤེན་རབ་དང། འབྲས་བུའི་ཐེག་པ་གནས་པའི་ནང་པ་གཤེན་རབ་བསྟན་པའོ། །