12571
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། སྐྱབས་ཡུལ་གཡུང་དྲུང་གནས་བཞིའི་ཡ་གྱལ་བླ་མ་དཀོན་མཆོག་ལ་འཇུག་པ་ཡིན་ལ། དེ་ཡང་། རྗེ་མཉམ་མེད་པའི་སྡུད་འགྲེལ་ལས། གཤེན་ཐམས་ཅད་ཀྱི་མཆོག་ཡིན་པས་ན་གཤེན་རབ། བླ་མ་ནི། གོང་ན་མེད་པའམ། བླ་ནི་རྩེར་ཕྱིན་པ། མ་ནི་མ་ལྟར་བྱམས་པ་ལ་སོགས་སོ། །ཞེས་པས། སྤངས་རྟོགས་གཞན་ལས་ཁྱད་པར་འཕགས་པས་མཆོག་ཏུ་གྱུར་ལ་འགྲོ་བ་རྣམས་འཁོར་བའི་སྡུག་བསྔལ་ལས་སྐྱོབས་ཏེ་མ་ལྟར་བྱམས་པར་མཛད་པའི་སྐྱེས་བུ་ཁྱད་པར་ཅན་དག་གོ །དེ་ལ་དབྱེ་ན། ཁུངས་ཀྱི་བླ་མ་དང་། བརྒྱུད་པའི་བླ་མ་བཅས་ཡོད་དོ། །དེའི་ཁྱད་པར་ནི། དང་པོ་ནི་གདམས་པ་སོགས་སྟོན་པའི་རྩ་བའི་ཁུངས་ཡིན་ལ། གཉིས་པ་ནི། རྩ་བ་ནས་རིམ་པར་བརྒྱུད་པ་རྣམས་སོ། ། |
| Domain | ཆོས་ལུགས། |