12577
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། རྣམ་རྒྱལ་ལྷ་བཅུ་ལས་ལྷ་གཙོ་བོ་སྟེ། ལྷ་དེ་ཡང་སྟོན་པ་གཤེན་རབ་མི་བོ་རྣམ་པ་གཞན་དུ་སྤྲུལ་བ་ཞིག་ཡིན། ཀོང་ཙེ་འཕྲུལ་རྒྱལ་གྱིས་གསས་ཁང་དཀར་ནག་བཀྲ་གསལ་བཞེས་ཟིན་རྗེས་ཀླུ་སྲིན་སོགས་ཀྱིས་གནོད་པ་བྱུང་བས། དེའི་བར་ཆད་ཟློག་ཆེད་དུ་ཞི་མ་ཁྲོའི་རྣམ་པ་བཞེས་པ་སྟེ། རྫོགས་སྐུ་ཆ་ལུགས་ཞི་རྒྱན་བཅུ་གསུམ་གྱི་རྒྱན་རྫོགས་པ། འཁོར་ལ་ཁྲོ་བཞི་དང་ཁྱུང་འབྲུག་སེང་སོགས་ཀྱིས་ཀླུ་སྲིན་སོགས་ཀྱི་ཁ་གནོན་དུ་བཞེས་ཡོད། སྐབས་དེར་སྟོན་པའི་ཐུགས་རྗེ་དང་རྫུ་འཕྲུལ་རྩལ་གྱིས་ཀླུ་སྲིན་རྣམས་དམ་བཏགས་ནས་དཔལ་མགོན་བརྒྱ་རྩ་ཞེས་བསྟན་པ་སྲུང་བའི་སྲུང་མ་དང་དེ་དག་གི་གཙོ་བོ་གཅེན་ལྷ་མིག་དགུ་ཞེས་དགེ་སྲུང་ཞིག་བསྐོས་ཡོད། དེ་དག་གི་བསྐང་བ་དང་། གསོལ་མཆོད་སོགས་མང་པོ་ཡོད། ལོ་རྒྱུས་རྒྱས་པོ་སྟོན་པའི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་སོགས་ལ་གཟིགས། |
| Domain | ཆོས་ལུགས། |