12653

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསང་ཀེག་རྩུབ་པ་ (1)
Part of speech མིང་ཚིག
Definition རྩུབ་རྡེལ་བདུན་གྱི་ནང་གསེས་ཤིག་སྟེ། སྐྱེས་སྤར་ཁོན་ཡིན་པའི་བརྩི་བྱ་དག་གི་བབས་སྤར་ཡང་ཁོན་ལ་འབབ་པ་ལྟ་བུ་སྐྱེས་སྤར་སྟེང་དུ་བབས་སྤར་འབབ་པའི་རྩུབ་པ་ལ་ཟེར་ཞིང་། རྩུབ་དུས་དེར་བཙན་རྒྱལ་ཆོ་འཕྲུལ་འགྱེད་པའི་དུས་ཡིན་པས་ལུས་སེམས་གང་རུང་གི་ནད་འབྱུང་ངེས་པར་བཤད། ཀེག་བཟློག་ལ་ཚེ་མདོ་དང་གཙུག་ལག་མདོ་བཞི་གདོན་དགོས། དེ་མིན་མའི་བབས་སྤར་ལིར་བབས་དུས་བུ་ལ་གསང་ཀེག་དང་། ཁམ་ལ་བབས་དུས་བུ་མོར་གསང་ཀེག་ཡོད་པར་བཤད་པས། མ་ད་ལྟ་ཡོད་ན་མ་ཀླུང་དང་བསྟུན་པའི་སྤར་སྨེ་སོགས་གཅེས། མེད་ན་མ་ཡི་དགེ་རྩ་དང་མིང་བྱང་ལ་བརྟེན་པའི་ཀླུང་ཆོག་བྱ་དགོས།
Domain རྩིས་རིག