12672

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསང་ཆེན་མེ་ཏོག་ཕུག་པ་ (1)
Part of speech མིང་ཚིག
Definition བསམ་ཡས་མཆིམས་ཕུ་བྲག་དམར་ཀེའུ་ཚང་གི་ཁོངས་སུ་ཡོད་པའི་སྒྲུབ་གནས་ཤིག་སྟེ། ཉང་ཕུག་འོག་མ་དང་། མེ་ཏོག་ཕུག་པ་ཡང་ཟེར། གནས་འདིར་ཐོག་མར་ཉང་ཏིང་འཛིན་བཟང་པོ་སྐུ་མཚམས་ལ་བཞུགས་པས་ཉང་ཕུག་འོག་མ་ཞེས་དང་། དེ་རྗེས་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་ཕུག་པ་འདིར་ཡུན་རིང་སྒྲུབ་པ་མཛད་ནས་བཞུགས་པས་མེ་ཏོག་ཕུག་པ་ཞེས་དེ་ལྟར་གྲགས། དེའི་ནང་རྟེན་བྱིན་ཅན་ནི་གུ་རུ་རིན་པོ་ཆེའི་ཞབས་རྗེས་ཆུང་ངུ་ཤིན་ཏུ་གསལ་བ་ཞིག་ཡོད་ཅིང་། ཕྱིས་སུ་འདིའི་ནང་ཀུན་མཁྱེན་འཇིགས་མེད་གླིང་པ་ལོ་གསུམ་ཟླ་གསུམ་རིང་སྒྲུབ་པ་མཛད་པས། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་དངོས་སུ་ཞལ་གཟིགས་ལན་གསུམ་བྱུང་བར་མ་ཟད་ཀློང་ཆེན་སྙིང་ཐིག་གི་ཟབ་མོ་གཏེར་གྱི་བཀའ་ཕབ་པ་སོགས་བྱུང་བའི་སྒྲུབ་ཕུག་ཅིག་ཡིན།