12682

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསང་དབང་གསེར་གྱི་ཐེམ་སྐས་ (1)
Part of speech མིང་ཚིག
Definition ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། གསང་དབང་གསེར་གྱི་ཐེམ་སྐས་ཏེ། མཚན་གཞན་ཐུགས་སྒྲུབ་ཡང་སྙིང་འདུས་པའི་གསང་དབང་གསེར་གྱི་ཐེམ་སྐས་ཞེས་ཀྱང་བྱ། ཨོ་རྒྱན་པདྨས་མཛད་དེ་གཏེར་དུ་སྦས་ཤིང་། ཕྱིས་གཏེར་ཆེན་རཏྣ་གླིང་པས་དམྱལ་སྨད་དགེ་རིའི་བྲག་ནས་བཏོན་པའོ། །འདིའི་ནང་དོན་ནི། ལུས་ངག་ཡིད་གསུམ་དག་པར་བྱེད་པའི་དབང་བཞི་བསྐུར་ནས་འབྲས་བུ་སྐུ་ལྔ་ལྷུན་གྲུབ་ཐོབ་པར་བསྟན།