12683

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསང་དབང་བདེ་ཆེན་འཁོར་ལོ་ཤེས་རབ་ཡེ་ཤེས་ཀྱི་དབང་དང་ཚིག་དབང་རིན་པོ་ཆེ་ (1)
Part of speech མིང་ཚིག
Definition གཏེར་ཆོས་ཤིག་སྟེ། བླ་མ་དྲག་པོའི་སྐོར་ལས། གསང་དབང་བདེ་ཆེན་འཁོར་ལོ་ཤེས་རབ་ཡེ་ཤེས་ཀྱི་དབང་དང་ཚིག་དབང་རིན་པོ་ཆེ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། ཡང་གསང་བླ་མེད་དོན་གྱི་དབང་ཆོག་རྣམས༔ ཕྱི་མའི་དུས་ན་བོད་ཀྱི་རྒྱལ་ཁམས་འདིར༔ ཐུགས་སྒྲུབ་དྲག་པོ་ས་འོག་གཏེར་གཅིག་འདི༔ པདྨའི་རིགས་ལྡན་ཤེས་རབ་བློ་ལྡན་པ༔ མཁའ་འགྲོའི་མཚན་རྟགས་ལྔ་དང་ལྡན་པ་དེས༔ ལུང་དུ་བསྟན་གྱིས་འགྲོ་དོན་མཐར་རྒྱས་ཤོག༔ ཅེས་པའི་ལུང་བསྟན་ལྟར། གཏེར་ཆེན་རཏྣ་གླིང་པས་བྱི་བའི་ལོ་ལ་མཁར་ཆུ་ཕུག་རིང་ནས་གདན་དྲངས། འདིའི་ནང་དོན་ལ། སྣོད་དང་ལྡན་པའི་སློབ་མ་ལ་དབང་བཞི་བསྐུར་བའི་རིམ་པ་བསྟན།
Domain ཆོས་ལུགས།