12685
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཏེར་ཆོས་ཤིག་སྟེ། གསང་དབང་སྐོར་གསུམ་ཡིད་བཞིན་ནོར་བུ་ཟབ་པ་བཀའ་རྒྱ་ཅན་དུ་སྦས་པ་སྙིང་གི་རྒྱ་ཅན། ཞེས་བྱ་བ་སྟེ། གཏེར་གཞུང་ལས། ཤིན་ཏུ་ཡང་ཟབ་རྡོ་རྗེའི་དབང༔ ལྷོ་བྲག་གནམ་སྐས་བྲག་ལ་གདམས༔ མ་འོངས་ལྔ་བཅུ་ཁ་རལ་དུས༔ ཐུགས་སྲས་ཆོས་ཀྱི་བདག་པོ་ནི༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་རབ་བྱུང་བདུན་པའི་ཁྱིེ་ལོར་གནམ་སྐས་བྲག་ནས་གདན་དྲངས། འདིའི་ནང་དོན་ལ། ཡང་གསང་རྟ་མགྲིན་དབང་གི་རིམ་པ་ལས་གོ་འཕང་ཕོ་ཉས་བགྲོད་པ་གསང་བའི་དབང་དང། གྲོལ་ལམ་ཤེས་རབ་ཡེ་ཤེས་ཀྱི་དབང། སྤྲོས་པ་མེད་པ་ཚིག་དབང་རིན་པོ་ཆེའི་དབང་སྟེ། གསང་དབང་སྐོར་གསུམ་ཇི་ལྟར་བསྐུར་བའི་ཚུལ་བསྟན། |