12709
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། གསང་བ་ཉམས་ལེན་གསལ་བར་བྱེད་པའི་མན་ངག་ནི། བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་སྐོར་ལ་རྒྱུད་ལུང་མན་ངག་གསུམ་གྱི་ཆོས་སྡེ་བརྒྱ་དང་སུམ་ཅུར་གྲགས་པའི་ཡ་གྱལ། མན་ངག་གི་སྐོར་ལ། ཕྱི་བཤད་ཐབས་གསལ་བྱེད་ཀྱི་མན་ངག ནང་སྒྲུབ་ཐབས་གསལ་བྱེད་ཀྱི་མན་ངག གསང་བ་ཉམས་ལེན་གསལ་བྱེད་ཀྱི་མན་ངག་གསུམ་དུ་ཕྱེ་བའི་གསུམ་པ་སྟེ། འདི་ལའང་ནང་གསེས་སུ་རྣམ་པར་ཕྱེ་ན་ཆོས་ཚན་ཉེར་ལྔར་བཞུགས་ཏེ། བཀའ་བརྒྱད་རྣམ་བཤད་ལས། གསང་བ་ཉམས་ལེན་གསལ་བར་བྱེད་པའི་མན་ངག་ལ། ཆོས་ཚན་ཉེར་ལྔ་སྟེ། བསྐྱེད་རྫོགས་གསུམ་གྱི་སྒྲུབ་ལུགས་ལྔ། སྔགས་ཀྱི་ཡན་ལག་ལྔ། ཐུན་མོང་གི་རྣལ་འབྱོར་ལྔ། ཁྱད་པར་གྱི་རྫོགས་རིམ་ལྔ། སྐུ་གསུམ་གྱི་གཟེར་ལྔའོ། །ཞེས་གསུངས། |
| Domain | ཆོས་ལུགས། |