12720

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསང་བ་དམ་པའི་གསུང་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། གསུང་ལྔའི་ཡ་གྱལ་ཞིག་སྟེ། འདིའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། གསང་བ་དམ་པའི་གསུང་ནི་བདེ་བ་ཆེན་པོའི་རོས་གང་བས་གསང་སྔགས་རྒྱ་མཚོའི་ཚོགས་ཀྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐད་ཅིག་ལ་བརྗོད་པ་དང་འདྲ་བར་ཤར་བས་སྒྲིབ་པའི་ཕུང་པོ་རྟོག་ཚོགས་ཇི་སྙེད་པ་ཐམས་ཅད་སྐད་ཅིག་ལ་ཟིལ་གྱིས་གནོན་པ་སེང་གེ་ལྟ༷་བུའོ། །ཞེས་གསུངས།
Domain ཆོས་ལུགས།