12726

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསང་བ་བླ་ན་མེད་པའི་ཐེག་པ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། གསང་བ་བླ་ན་མེད་པའི་ཐེག་པའམ་གསང་བ་བླ་མེད་ཀྱི་ཐེག་པ་ནི་ཐེག་པ་ལྔའི་ཡ་གྱལ་ལས་ལྔ་པ་སྟེ། འོད་གསལ་སྙིང་པོ་ལས། ལྔ་པ་ནི། མཐར་ཐུག་འབྲས་བུའི་དཀྱིལ་འཁོར་ཉིད། ལྟ་སྤྱོད་ཁྱད་པར་ཅན་གྱི་སྒོ་ནས་ད་ལྟ་ནས་ཅི་རིགས་པར་ལམ་དུ་བྱེད་པའི་ཐབས་ལ་བརྟེན་ནས་སངས་རྒྱས་ཉིད་མྱུར་དུ་འགྲུབ་པ་སྟེ། དེ་ལ་ཡང་བསྒྲུབ་བྱའི་ལྷ་དང་བདག་གཉིས་བཟང་ངན་དང་ཐ་དད་མེད་པར་མཉམ་པའི་ཚུལ་གྱིས་སྒྲུབ་པ་སྔགས་ནང་པ་དང་། ཀུན་རྫོབ་ཏུ་བཟང་ངན་ནམ་ཐ་དད་པའི་རྣམ་པར་བདག་གི་རྒྱུད་ལྷའི་བྱིན་གྱིས་རློབ་པའི་ཚུལ་གྱིས་སྒྲུབ་པ་སྔགས་ཕྱི་པ་གཉིས་སུ་ཡོད་ལ། ཞེས་གསུངས།
Domain ཆོས་ལུགས།