12733

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསང་བ་མི་བསྒྲག་པ་སུམ་ཅུ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། གསང་བ་མི་བསྒྲག་པ་སུམ་ཅུ་ནི། གསང་སྔགས་རྡོ་རྗེ་ཐེག་པའི་རྩ་བའི་དམ་ཚིག་བརྒྱ་དང་དྲུག་ཅུའི་ཡ་གྱལ་ཏེ། དཔལ་གསང་བ་སྙིང་པོའི་རྒྱུད་དོན་གསལ་བྱེད་མེ་ལོང་ལས། གསང་བའི་དོན་ཕྱིར་མི་སྨྲ་བ་སུམ་ཅུ་ནི། སྤྱིར་གསང་བཞི། བར་གསང་བཞི་སྟེ་བརྒྱད། གསང་བར་འོས་པ་དང་། གསང་བར་གཉེར་གཏད་པ་གཉིས་ཏེ། བཅུ་པོ་དེ་དག་གཞིར་བྱས་ནས་ཡོངས་སུ་སྨིན་པ་རྣམས་ལ་སེམས་ཀྱིས་བསྟན་པར་མི་བསམ་པ་བཅུ་དང་། ངག་གིས་ཚིག་ཏུ་མི་བརྗོད་པ་བཅུ་དང་། ལུས་ཀྱི་བརྡས་མི་མཚོན་པ་བཅུ་སྟེ། དྲིལ་བས་གསང་བ་མི་བསྒྲག་པ་སུམ་ཅུའོ། །ཞེས་གསུངས།
Domain ཆོས་ལུགས།