12735
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཡོན་ཏན་རིན་པོ་ཆེའི་མཛོད་འགྲེལ་ཉིན་བྱེད་སྣང་བ་ལས་བྱུང་བ་སྟེ། སྤྱིར་གསང་བ་བཞི་ནི། ལྟ་ཟབ་སྤྱོད་པ་བརླང་པོ་དང་། །ལྷའི་མིང་གཟུངས་དང་གྲུབ་རྟགས་རྣམས། །སྤྱིར་གསང་རྣམ་པ་བཞི་ཡིན་ནོ། །བར་གསང་བཞི་ནི། སྒྲུབ་པའི་གནས་དུས་གྲོགས་དང་རྫས། །བར་དུ་གསང་ལ་བསྒྲུབ་པར་བྱ། །ཞེས་པ་ལྟར་བརྒྱད། གསང་བར་འོས་པ་དང་། གཉེར་གཏད་པ་དང་གཉིས་སོ། ། |
| Domain | ཆོས་ལུགས། |