12738

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསང་བ་འདུས་པ་ (1)
Part of speech མིང་ཚིག
Definition བླ་མེད་ཕ་རྒྱུད་ཀྱི་ལམ་དང་འབྲས་བུའི་གསང་བའི་གནད་ཐམས་ཅད་འདུས་པའི་རྒྱུད་དང༌། དེའི་ཡི་དམ་ཞིག
གསང་བ་འདུས་པ་ (2)
Part of speech མིང་ཚིག
Definition བོན་ལུགས་ལ་འཆི་མེད་ཡུམ་སྲས་གཤེན་གསུམ་གྱི་ནང་ཚན་གཤེན་གསང་བ་འདུས་པ་ཞེས་པ་དེ་ཡིན་ལ། དེ་ལ་ཁུངས་ཀྱི་ལོ་རྒྱུས་ནི། འདྲེ་སྲིན་བྱུར་གསུམ་གྱི་མགོ་བོ་མཐོ་ཞིང་ཁས་དྲག་པས་མི་སྨྲ་གཤེན་གསུམ་གྱི་དབུ་འཕང་དམའ་ནས་བསྟན་པ་ཉམ་ཕྲ་བའི་དུས་དེར་ལྷ་མོ་གསང་བ་བསེན་ཐུབ་མ་དང་སྟོན་པ་ཡེ་གཤེན་གཙུག་ཕུད། གཤེན་ཁྲི་བཞི་ནམ་ཏིང་གསུམ་གྱིས་དེའི་དོན་ལ་ཐུགས་བསྙུངས་པས་བཀའ་བགྲོས་ཏེ། ལོག་སྡེའི་ཆོ་འཕྲུལ་བཟློག་པའི་ཕྱིར་དུ་སྟོན་པ་ལ་མཆོད་པ་སྣ་ཚོགས་ཕུལ་ཅིང་རྒྱུད་བསྐུལ་བས། སྟོན་པའི་ཐུགས་ཀྱི་སྤྲུལ་པ་ཞིག་བྱོན་པ་སྟེ། དེ་ཡང་ཡུལ་ཤོད་མ་གསེར་སྡིང་། མཁར་ལིང་ལིང་བང་རྩེའི་ནང་དུ། ཡབ་རྒྱལ་པོ་ཞི་བ་ལྡན། ཡུམ་བཙུན་མོ་ལྷ་བཞིན་མཛེས་བྱ་བ་ཡབ་ཡུམ་དག་གི་རྟ་དང་ལྷུམས་སུ་ཞུགས་ཏེ། དགུང་ཚེས་བཅོ་ལྔའི་ཉིན་པར་གདུགས་ཀྱི་ཆ་སྟོད་དུ་མཚན་དཔེའི་དཔལ་འབར་བའི་སྲས་སུ་བལྟམས། སྲས་ཀྱི་མཚན་ལྟས་ནི་ཐུགས་ཞི་བའི་ངང་ལས་ཁྲོ་བོའི་སྐུ་སྤྲུལ་མཁྱེན་པས་སྐུ་ཁྱད་རབ་ཏུ་རྫོགས་པ། ཐེག་པ་དགུའི་དོན་ཐུགས་ལ་འདུས་པའི་བརྡའ་རུ་ཐུགས་ལས་འོད་ཀྱི་ཐིག་ལེ་དགུ་ཤར་ཞིང་། གསང་བ་ཐུགས་ཀྱི་བརྣག་པའི་གཟུངས་ཡེ་ནས་ཐུབ་པས་མཚན་ལ་གཤེན་གསང་བ་འདུས་པ་ཞེས་གསོལ་བར་གྲགས་སོ། །