12745
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བག་རྩིས་སྐབས་སུ་གོང་རྣམ་བཞི་ངན་པ་གཉེན་སྡེབ་བྱ་མི་རུང་བར་བབས་ཚེ་མག་པའི་སྨེ་བ་བཞི་ཀ་རང་སོར་བཞག་ཅིང་། མག་མའི་སྨེ་བ་བཞི་ལས་གང་ཞིག་གཅིག་དཀར་ཡིན་ན་གཉིས་ནག་དང་། གཉིས་ནག་ཡིན་ན་གཅིག་དཀར། གསུམ་མཐིང་ཡིན་ན་དགུ་དམར་དང་། དགུ་དམར་ཡིན་ན་གསུམ་མཐིང་། བཞི་ལྗང་ཡིན་ན་བརྒྱད་དཀར་དང་། བརྒྱད་དཀར་ཡིན་ན་བཞི་ལྗང་བཅས་ལ་བཀུག་སྟེ་སྤར་ཁ་དང་ལྟག་སྤྲོད་ཀྱིས་གི་གོང་རྣམ་བཞི་བསྐྱར་དུ་བརྩི་བ་ལ་ཟེར་ཞིང་། དྲུག་བདུན་གཉིས་ནི་བག་མའི་སྨེ་བར་བབས་ཀྱང་འགུགས་རྒྱུ་མེད་པས་རང་སོར་འཇོག་དགོས་ལ། སྲོག་འཚོ་སོགས་གང་ཡིན་གྱི་སྡེབ་འབྲས་ཀྱང་གི་གོང་རྣམ་བཞིའི་སྐབས་ལྟར་ཡིན། |
| Domain | རྩིས་རིག |