12754

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསང་བ་རྩ་འགག་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། དེ་ཡང་རྒྱལ་པོས་བོན་སྐོར་འགའ་ཞིག་གསང་རྒྱ་མཛད་པའི་ཉེས་ཚུལ་ཞིག་སྟེ། རྒྱལ་པོ་མུ་ཁྲིའི་སྐབས་སུ་རྒྱལ་པོ་ཉིད་ཀྱིས་ནམ་མཁའ་སྣང་བ་མདོག་ཅན་གྱི་དྲུང་ནས་གསང་སྔགས་སྤྱི་སྤུངས་ཀྱི་བོན་སྐོར་ཞུས་ཏེ་ཀོང་གི་ལྷ་རི་གྱང་ཐོ་ལ་བསྒྲུབས་པས་ཐུན་མོང་གི་གྲུབ་རྟགས་དུ་མ་མངོན་དུ་བྱུང་བས་རྒྱལ་པོའི་ཐུགས་ལ་འདི་ལྟ་བུའི་བོན་ནི་ཤིན་ཏུ་ཟབ་པར་འདུག་པས་རྒྱལ་རིགས་དྲ་མ་མིན་པ་རྨངས་ཐ་མལ་པས་སྤྱད་དུ་འཕངས་ནས་གཞན་ལ་མ་སྤེལ་ཞིང་གསང་རྒྱ་དམ་པོ་བྱས་པས་མི་རབས་གསུམ་དུ་སྤྱི་སྤུངས་ཞི་ཁྲོའི་བོན་སྐོར་རྣམས་གཞི་རྩ་ནས་འགག་པ་ལྟར་དུ་གྱུར་ཏེ་འཕེལ་རྒྱས་མ་སོང་བས་གསང་བ་རྩ་འགག་ཏུ་སོང་། ཞེས་སོ། །གོང་གི་མི་རབས་ཞེས་པ་དེ་ཡང་བརྒྱུད་པ་གསུམ་གྱི་ཡུན་ཚད་ཙམ་དུ་ཡིན་པར་བཤད་དོ། །
Domain ཆོས་ལུགས།