12773
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྤྱི་ཕུལ་བླ་མ་འགྱུར་མེད་ལུང་རྟོགས་རྒྱ་མཚོས་རབ་བྱུང་བཅུ་གསུམ་པར་ཉག་ཆུ་ཁར་བཏབ། གསང་ཆེན་འོད་སྐུར་གྲོལ་བའི་རྟེན་འབྲེལ་གྱི་རྟགས་ལས་གསང་བདག་དགོན་ཞེས་མཚན་གསོལ། གནས་བརྟན་བཅུ་དྲུག གུ་རུ་མཚན་བརྒྱད། རྗེ་འབངས་ཉེར་ལྔ། ཞི་བ་རིགས་བརྒྱ་དང་བཅས། དྲག་པོ་ཡེ་ཤེས་རབ་འབར། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་། ཀར་གླིང་ཞི་དྲག་སེང་གདོང་སྡེ་ལྔ། གཞི་བདག་སྲུང་མ་བཅས་བྲིས་ཉམས་ངོ་མཚར་ཅན་དང་། སྐུ་གསུང་ཐུགས་རྟེན་མང་དུ་ཡོད་ཀྱང་རིག་གནས་གསར་སྐབས་དགོན་འདིའི་རྟེན་དང་བརྟེན་པ་རྣམས་རྗེས་ཤུལ་ཙམ་ཡང་མེད་པར་བྱས། སྐྱེས་ཆེན་དམ་པ་བྱོན་ཚུལ་ཡང་། ཉག་བླ་པདྨ་བདུད་འདུལ་ ཁོང་གི་དངོས་སློབ་རྡོ་རྗེ་བཅུ་གསུམ་ཞེས་གྲགས་པའི་ནང་ཚན་མེ་ལོང་རྡོ་རྗེ། མཆོག་ལྡན་རྡོ་རྗེ། ཡེངས་མེད་རྡོ་རྗེ། དཔལ་བཟང་རྡོ་རྗེ་སོགས་དགོན་གནས་འདིར་བྱོན། ཁྱད་པར་དུ་ཡེངས་མེད་རྡོ་རྗེ་ལ་གུ་རུ་རིན་པོ་ཆེའི་ཞལ་དངོས་སུ་བསྟན་ཏེ་དབང་ཕྱུག་ཉེར་བརྒྱད་ཀྱི་གར་འཆམ་གྱི་དག་སྣང་ཤར་བས། ཀཿཐོག་གཙོས་དགོན་སྡེ་ཀུན་ནས་དབང་ཕྱུག་ཉེར་བརྒྱད་ཀྱི་འཆམ་ཡོད་དོ་ཅོག་དགོན་འདི་ནས་དར་བར་གྲགས། ཀཿཐོག་སི་ཏུ་པཎྜི་ཏ་ཆོས་ཀྱི་རྒྱ་མཚོ་དགོན་འདིར་བྱོན་ཏེ་བདུད་ཀློང་གཉིས་ཀྱི་སྨིན་གྲོལ་ཡོངས་རྫོགས་གསུངས་ནས་དངོས་རྗེས་གནང་སྦྱིན་དང་བཅས་ཤར་ཀཿཐོག་པའི་དགོན་ལག་ཏུ་གྱུར། སྒྲུབ་སྐོར་ཕྱག་བཞེས་ནི། སྨྱུང་གནས་ཆ་བརྒྱད། ཚེས་བཅུ་པདྨ་འོད་འབར་སྒྲུབ་ཁོག་དང་བཅས། དབྱར་གནས་ཞག་ལྔ་བཅུ། དགུ་གཏོར་དྲག་པོ་ཡེ་ཤེས་རབ་འབར་གཏོར་བཟློག ཀར་གླིང་ཞི་ཁྲོ་དང་སྐུ་གསུམ་ཆོ་ག་སོགས་གཙོ་བོ་ཀཿཐོག་པའི་ཕྱག་སྲོལ་ལྟར་དར། དད་ལྡན་གྱི་སྦྱིན་བདག་ཁྱིམ་ཁག་སུམ་ཅུ་སོ་གཅིག་དང་གྲྭ་ཁང་ཉི་ཤུ་ཙམ་ཡོད། |