12778
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གསང་བདག་སྤྲུལ་པ་ནམ་མཁའ་དཔལ་བཟང་མཆོག་ནི། ཆོས་རྗེ་ཡེ་ཤེས་རིན་ཆེན་ལ་སྲས་གསུམ་བྱུང་བའི་ཆེ་བ་དང༌། ཡུམ་འབྲུག་སྒོམ་ཞིག་པོའི་རྒྱུད་དུ་འཁྲུངས་པའི་མ་གཅིག་ནམ་མཁའ་དཔལ་འདྲེན་གྱི་སྲས་སུ། རབ་བྱུང་བདུན་པའི་ས་སྟག་ ༡༣༩༨ ལོར་བལྟམས། ཡབ་ཀྱིས་མཚན་ནམ་མཁའ་དཔལ་བཟང་ཞེས་གསོལ། དགུང་ལོ་བཞི་པ་ནས་འབྲི་ཀློག་དང་ཆོས་སྤྱོད་ལེགས་པར་བསླབས། བཅུ་དྲུག་པ་ཆུ་སྦྲུལ་ལོར་གདན་སའི་ཁྲིར་ཕེབས་ཤིང་ཆོས་འཁོར་བསྐོར། རྟེན་ངེས་མེད་དང༌། ཁྱི་ར་མཛད་པ་སོགས་གང་ལ་གང་འདུལ་གྱིས་ཞི་ཆགས་ཁྲོ་ཚུལ་ཅི་ཡང་བསྟན་ནས་འགྲོ་དོན་མཛད། གནས་ནང་པ་རྣམས་ཀྱིས་སྐུར་བ་ཞུས་པས། བསད་པ་སླར་གསོས་ཏེ་བཏང༌། འཁོར་གསུམ་ཉི་ཟེར་ལ་བཀལ་བས་ར་སྨྱོན་དུ་བཏགས་ཏེ། ཕྱག་ན་རྡོ་རྗེའི་སྤྲུལ་པར་གྲགས། དགུང་གྲངས་ཉེར་བརྒྱད་པ་ཤིང་སྦྲུལ་ ༡༤༢༥ ལོའི་བོད་ཟླ་གཉིས་པར་མ་འོངས་ལུང་བསྟན་གྱི་ཞལ་ཏ་བཅས་གཤེགས་སོ། ། |