12779

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསང་བདག་རྡོ་རྗེ་གཏུམ་པོའི་གསང་སྒྲུབ་མེའི་འཁོར་ལོ་ (1)
Part of speech མིང་ཚིག
Definition གཏེར་ཆོས་ཤིག་སྟེ། གསང་བདག་རྡོ་རྗེ་གཏུམ་པོའི་གསང་སྒྲུབ་མེའི་འཁོར་ལོ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། འདི་ནི་བདག་འདྲ་པདྨས་ཐུགས་ཀྱི་བཅུད་ཕྱུང་བ་ད་ལྟ་མངའ་བདག་རྒྱལ་པོའི་དོན་དང་མ་འོངས་ལས་ཅན་གྱི་སྐྱེས་བུའི་བཙས་སུ་བཞག་པའོ༔ ཞེས་གསལ། གཏེར་ཆེན་རཏྣ་གླིང་པས་རབ་བྱུང་བདུན་པའི་ཆུ་ཕོ་ཁྱིའི་ལོ་རྟ་ཡི་ཟླ་བའི་ཚེས་གཅིག་ལ་གནམ་སྐས་བྲག་ནས་བཏོན། འདིའི་ནང་དོན་ལ། ཐོག་མར་དཀྱིལ་འཁོར་དང་རྫས་བསྟེན་པ། བར་དུ་ལྷ་བསྐྱེད་ཅིང་བསྙེན་བསྒྲུབ་བྱ་བ། མཐའ་མ་ལས་སྦྱོར་དང་བསྲུང་བཟློག་བྱ་བ་གསུམ་གྱི་སྒོ་ནས་དབང་ཆེན་ཐུགས་ཀྱི་སྒྲུབ་པ་གསང་བདག་གཏུམ་པོའི་ཡང་སྙིང་བསྟན།