12781
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཏེར་ཆོས་ཤིག་སྟེ། དབང་ཆེན་གསང་བ་འདུས་པའི་ཆོས་སྐོར་ལས། གསང་བདག་རྡོ་རྗེ་གཏུམ་པོའི་ལས་ཚོགས་ཀླུ་འཆི་བདག་ནག་པོ་སྲོག་གི་འཁོར་ལོ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། ལྔ་བརྒྱའི་ཐ་མར་མི་རྣམས་གདོལ་སྤྱོད་བྱེད༔ གདུག་པའི་ཀླུ་ནི་ཞེ་གནག་གཟུགས་སྤྲུལ་ཞིང༔ མི་རྣམས་ཕལ་ཆེར་ཀླུ་ཡི་ནད་ཀྱིས་ཟིན༔ དེ་དུས་དགོངས་ནས་གནམ་སྐས་བྲག་ལ་སྦས༔ དུས་ཀྱི་ཐ་མར་ལས་ཅན་བུ་དེ་དང༔ འདི་ཕྲད་འགྲོ་བའི་དོན་ཆེན་འགྲུབ་པར་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་རབ་བྱུང་བདུན་པའི་ཁྱི་ལོར་གནམ་སྐས་བྲག་ནས་གདན་དྲངས། འདིའི་ནང་དོན་ལ། ཁུངས་བཙུན་པའི་ལོ་རྒྱུས་དང་། ཟབ་པ་འཁོར་ལོ། མན་ངག་གནད་ཀྱི་ཡིག་ཆུང་སྟེ་དོན་རྣམ་པ་གསུམ་གྱི་སྒོ་ནས་ཀླུ་བདུད་ནག་པོའི་སྲོག་གི་འཁོར་ལོའི་སྒྲུབ་ཐབས་བསྟན། |
| Domain | ཆོས་ལུགས། |