12782

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསང་བདག་རྡོ་རྗེ་གཏུམ་པོའི་སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཆེན་པོ་ (1)
Part of speech མིང་ཚིག
Definition གཏེར་ཆོས་ཤིག་སྟེ། གསང་བདག་རྡོ་རྗེ་གཏུམ་པོའི་སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཆེན་པོ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། ཐུགས་འཁོར་ཆེན་མོ་ཀུན་ཐུབ་འདི༔ བདག་འདྲ་པདྨ་ཐོད་ཕྲེང་གིས༔ གསང་སྔགས་རིགས་སྔགས་ཀུན་བཅུད་བསྡུས༔ འདི་འདྲ་སྲུང་བ་འཇིག་རྟེན་དཀོན༔ མ་བྱུང་མི་འབྱུང་འབྱུང་མི་འགྱུར༔ ཟབ་ཕྱིར་ཐུགས་ཀྱི་གསང་གཏེར་སྦས༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་བྱ་ལོ་ཁྱི་ཡི་ཟླ་བའི་ཚེས་ལྔ་ལ་གདན་དྲངས། འདིའི་ནང་དོན་ལ། གསང་བདག་རྡོ་རྗེ་གཏུམ་པོའི་གཅིག་ཆོག་ཐུགས་ཀྱི་འཁོར་ལོ་ཇི་ལྟར་འབྲི་བའི་ཚུལ་བསྟན།