12790
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། བསྙེན་པའི་གཞི་མ་སྒོ་དགུའི་ནང་ཚན་རིགས་ལྡན་གནས་ལ་བསྙེན་པ་ཞེས་བྱ་སྟེ། སྒྲུབ་པའི་གཤེན་པོས་གསང་སྔགས་བོན་སྒྲུབ་པར་གསང་བའི་སྒྲུབ་གནས་བཙལ་ཅིང་དེར་ཉམས་ལེན་ལ་འཇུག་ཅིང་གནས་པའི་དོན་ཏེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། གསུམ་པ་གསང་བ་ལྟར་དཔྱད་ན། གོང་ལྟར་མཚོན་པའི་ས་གནས་ལ། ཤར་དུ་ཞི་བའི་མཚན་རྟགས་ནི། དཀར་པོས་མཚོན་ཞིང་ཡངས་ལ་བདལ། བྱང་དུ་རྒྱས་པའི་མཚན་རྟགས་ནི། སེར་པོས་མཚོན་ཞིང་སྤུངས་ལ་བརྗིད། ནུབ་ཏུ་དབང་གི་མཚན་རྟགས་ནི། དམར་པོོས་མཚོན་ཞིང་བཀྲག་ལ་འབར། ལྷོ་རུ་དྲག་པོའི་མཚན་རྟགས་ནི། ནག་པོས་མཚོན་ཞིང་འཇིགས་ལ་རྩུབ། དབུས་སུ་རྒྱུན་གྱི་མཚན་རྟགས་ནི། ཅི་ཡང་མཚོན་ཞིང་ཕུན་སུམ་ཚོགས། ཆུ་བོ་རྒྱ་མཚོ་ཆུ་བྲན་དང་། གྲོང་དང་གྲོང་ཁྱེར་གྲོང་བརྡལ་དང་། མེ་ཏོག་རྩི་ཤིང་ནགས་ཚལ་ནི། ཐམས་ཅད་ཀུན་གྱིས་བསྐོར་བའི་ཚུལ། ཞེས་གསུངས་པས། གནས་ཀྱི་ངོ་བོའམ་ཡོན་ཏན་སྟོན་པ་སྟེ། དེ་ལ་ཡང་རྟགས་བརྒྱད་སོགས་མཚན་རྟགས་བཟང་པོ་དང་ལྡན་པ་ལ། ལས་བཞི་རྒྱུན་ལྔའི་མདོག་གི་ཁྱད་པར་ཏེ། ཤར་ཞི་བ་ལ་དཀར། བྱང་རྒྱས་པ་ལ་ལྗང་། ནུབ་དབང་ལ་དམར། ལྷོ་དྲག་པོ་ལ་སྔོ། དབུས་སུ་རྒྱུན་ལ་མདོག་དེ་དག་ཅིར་ཡང་ཕུན་སུམ་ཚོགས་པའི་གནས་དེ་ལ་ཆུ་བོ་ཆུ་ཕྲན་གྲོང་དང་གྲོོང་ཁྱེར་གྲོང་བརྡལ་མེ་ཏོག་རྩི་ཤིང་ནགས་ཚལ་ཐམས་ཅད་ཀྱིས་མཐའ་ནས་བསྐོར་བར་གནས་པ་ལ་བཤད་དོ། ། |
| Domain | ཆོས་ལུགས། |