12793

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསང་བའི་གསལ་བྱེད་མེ་ལོང་པྲ་ཡི་མཆོང་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། པྲ་མཚན་ལ་བརྟག་སྟེ་ལེགས་ཉེས་སམ་བཟང་ངན་འབྱེད་པའི་ཉེར་སྤྱོད་ཡན་ལག་གི་ལས་རིམ་ཞིག་ཡིན། འདིར་ཡང་ཉམས་ལེན་གྱི་སྒོ་ནས་པྲ་མཚན་བརྟག་ཐབས་ཤིག་སྟེ། གསང་འདུས་དོན་རྒྱུད་ལས། གསང་བ་ཀུན་གཞི་བྱང་ཆུབ་སེམས་ཉིད་ལ། བརྟག་དང་གཞལ་བྱ་ཡིད་ལ་བཀྲམས་བྱས་ནས། མི་ཡེངས་རྩེ་གཅིག་དོན་ལ་གནས་པ་ན། ཀུན་ཏུ་བཟང་པོ་ཡེ་སངས་རྒྱས་ཚུལ་དང་། ཁམས་གསུམ་སེམས་ཅན་ལས་ཀྱི་འཁོར་ཚུལ་དང་། རང་ཉིད་སྔ་ཕྱི་ད་ལྟའི་ཡིན་ཚུལ་རྣམས། མ་རྨོངས་ས་ལེ་སེམས་ལ་གསལ་བར་འགྱུར། ཡང་དག་དོན་གྱི་པྲ་ལྟས་དེ་ཡིན་མོད། ཕྱྭ་གཤེན་དོན་ལ་མི་འགལ་ཕྱི་རུ་བསྟན། ཞེས་པས། དེ་ཡང་ཀུན་གཞི་བྱང་ཆུབ་སེམས་དོན་གྱི་རྟོགས་པ་ལྡན་པའི་ངང་དུ་བརྟག་བྱའམ་གཞལ་བྱའི་དོན་གང་ཡིན་ཡིད་ལ་བྱས་ཏེ་རྩེ་གཅིག་དོན་དེར་འཇུག་ཅིང་གནས་ཙམ་ན། ཀུན་བཟང་ཡེ་སངས་རྒྱས་ཚུལ་དང་སེམས་ཅན་ལས་ཀྱིས་འཁོར་ཚུལ་སྤྱི་དང་། བྱེ་བྲག་ཏུ་རང་ཉིད་ཚེ་རབས་སྔ་ཕྱི་ད་ལྟའི་ཡིན་ཚུལ་ཐམས་ཅད་མ་རྨོངས་སེམས་ལ་གསལ་བར་བྱེད་པ་ཉེར་སྤྱོད་ཡན་ལག་གི་བོན་སྡེ་ཞིག་ཏུ་བཤད་དོ། །
Domain ཆོས་ལུགས།