12797

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསང་བའི་ཆོས་སྤྱོད་ཡན་ལག་བདུན་ (1)
Part of speech མིང་ཚིག
Definition གསང་སྔགས་ལམ་གྱི་རིམ་པའི་འགྲེལ་པ་རིན་ཆེན་ཕྲེང་བ་ལས་བྱུང་བ་སྟེ། སློབ་དཔོན་པདྨའི་ཞལ་ནས༔ ཐ་དད་དམིགས་པར་མེད་པར་མཁྱེན་པར་གསོལ་བ༔ ལུས་ལ་ཆགས་པ་མེད་པར་འབུལ་བ༔ བཤགས་པ་བྱ་བ་དང་བཤགས་བྱེད་རང་བཞིན་མེད་པར་བཤགས་པ༔ བདག་གཞན་མེད་པར་རྗེས་སུ་ཡི་རང་བ༔ སྒྱུ་མ་སྤྲུལ་པ་ལྟ་བུའི་སངས་རྒྱས་ལ་བྲག་ཅ་ལྟ་བུའི་ཆོས་སྟོན་པར་བསྐུལ་བ༔ འཁོར་བར་སྤྲུལ་པ་བཞིན་དུ་སྒྱུ་མའི་ཆོས་དོན་དུ་གསོལ་བ༔ ཆོས་དབྱིངས་དཔག་ཏུ་མེད་པའི་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བསྔོ་བའོ༔
Domain ཆོས་ལུགས།