12815

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསང་བའི་དམ་རྫས་ཡང་གཅེས་གནད་ཀྱི་མན་ངག་ (1)
Part of speech མིང་ཚིག
Definition གཏེར་ཆོས་ཤིག་སྟེ། ཐུགས་སྒྲུབ་དྲག་པོའི་སྐོར་ལས། གསང་བའི་དམ་རྫས་ཡང་གཅེས་གནད་ཀྱི་མན་ངག ཅེས་བྱ་བ་སྟེ། གཏེར་གཞུང་ལས། བདག་འདྲ་བུད་མེད་མཚོ་རྒྱལ་གྱིས༔ ཐུགས་སྒྲུབ་དྲག་པོའི་ཆ་རྐྱེན་དུ༔ ཟབ་མོ་གནད་ཀྱི་རྟེན་འབྲེལ་མཛད༔ ཐུགས་ཀྱི་དཀྱིལ་ནས་ཡང་ཟབ་འདི༔ ཨྱོན་རྗེ་ལ་ལུང་ཞུས་ཏེ༔ ཐེམ་མེད་ཡང་གཅེས་འདི་བསྟན་ཏོ༔ ཞེས་གསལ། གཏེར་ཆེན་རཏྣ་གླིང་པས་གདན་དྲངས། འདིའི་ནང་དོན་ལ། ཤ་སྣ་དང། རྫས་སྣ། སྨན་སྣ་སོགས་ཀྱི་རྫས་སྣ་ཚོགས་ལ་བརྟེན་ནས་སྨན་བསྒྲུབ་སྦྱོར་ཚུལ་དང་། གསང་བའི་དམ་རྫས་ཡིག་འབྲུའི་འོད་ཟེར་འཕྲོ་འདུས་ཀྱིས་ལྷ་ཚོགས་རྣམས་ལ་མཆོད་ཅིང་དངོས་གྲུབ་ཐོབ་ཚུལ་གྱི་མན་ངག་བསྟན།
Domain ཆོས་ལུགས།