12828
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཏེར་ཆོས་ཤིག་སྟེ། རྟ་མགྲིན་གསང་བ་འདུས་པ་ལས། གསང་བའི་བདག་པོའི་དྲིལ་སྒྲུབ། ཅེས་བྱ་བ་སྟེ། གཏེར་གཞུང་ལས། བདག་འདྲ་རྒྱ་གར་མཁས་པ་པདྨ་ཡིས༔ ལྷ་སྲིན་ཡོངས་ལ་དྲེགས་པ་ཆེ་བའི་གཙོ༔ དེ་ཡི་མགོ་གནོན་གཉེན་པོ་ལྷ་ཡིན་ཏེ༔ གསང་བདག་རྡོ་རྗེ་གཏུམ་མོའི་དྲིལ་སྒྲུབ་འདི༔ སྙིང་དང་མིག་འབྲས་ལྟ་བུར་གསང་སྟེ་སྦས་སོ༔ ཞེས་གསལ། གཏེར་ཆེན་རཏྣ་གླིང་པས་གནམ་སྐས་ཅན་ནས་གདན་དྲངས། འདིའི་ནང་དོན་ལ། ལྷ་སྲིན་ཡོངས་ཀྱི་དྲེགས་པ་ཆེ་བའི་གཙོ་བོ་དེའི་མགོ་གནོན་གྱི་གཉེན་པོ་ལྷ་གསང་བདག་རྡོ་རྗེ་གཏུམ་མོའི་དྲིལ་སྒྲུབ་དེ་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་སེམས་བསྐྱེད་དང་ལྡན་པའི་རྣལ་འབྱོར་པས་ཇི་ལྟར་བསྒྲུབ་དགོས་ཚུལ་བསྟན། |