From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གསང་བའི་རྒྱལ་པོ་ (1)
| Part of speech
|
མིང་ཚིག
|
| Definition
|
དབང་ཕྱུག་སྟེ། གསང་སྔགས་ཀྱི་རྒྱལ་པོ་ཡིན་པས་སོ། །
|
| Type
|
མངོན་བརྗོད།
|
གསང་བའི་རྒྱལ་པོ་ (2)
| Part of speech
|
མིང་ཚིག
|
| Definition
|
ཚོགས་བདག་སྟེ། གསང་སྔགས་ཀྱི་དབང་ཕྱུག་ཡིན་པས་སོ། །
|
གསང་བའི་རྒྱལ་པོ་ (3)
| Part of speech
|
མིང་ཚིག
|
| Definition
|
སྔགས། རྣལ་འབྱོར་བླ་མེད་རྒྱུད། གཞན་སྟོང་དབུ་མ་བདེ་གཤེགས་སྙིང་བོའི་མཚན་གྱི་རྣམ་གྲངས་ཤིག་སྟེ། དོན་དམ་གྱི་མཚན་བརྗོད་ཀྱི་ཞུས་ལན་གྱི་སྐབས་སུ་གསུངས་པའི་མཚན་གྱི་རྣམ་གྲངས་སུམ་ཅུ་གསུངས་པའི་ཡ་གྱལ་ཞིག་ཡིན་ལ། དེ་ཡང་སྟོང་གཞི་དོན་དམ་གཞན་སྟོང་ཉིད་དེའི་མཚན་གཞི་ཡིན་པར་ཀུན་མཁྱེན་དོལ་བོ་སངས་རྒྱས་ཀྱིས་རི་ཆོས་ངེས་དོན་རྒྱ་མཚོར་གསང་བའི་རྒྱལ་པོ་ཀུན་ཁྱབ་དང༌། ཞེས་གསུངས།
|
| Domain
|
ཆོས་ལུགས།
|