12852

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསང་བའི་རྒྱལ་པོའི་དམ་ཚིག་གསུམ་ (1)
Part of speech མིང་ཚིག
Definition མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་བཞི་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་བཅུ་དགུ་པ་རྫོགས་ཆེན་ཨ་ཏིའི་གཞི་ལས་བྱུང་བ་སྟེ། ༡ སྐུའི་དམ་ཚིག་ནི། སྐུའི་དམ་ཚིག་ཏུ་ལུས་ཀྱིས་མི་དགེ་བ་རྣམས་བསྲུང་ཞིང་དགེ་བ་ལ་སྦྱོར་བ་དང་། ལུས་ལྷར་དམིགས་ཤིང་ཁྱད་པར་དུ་ལྟ་སྟངས་གསུམ་ལས་མི་གཡོ་བར་བྱའོ། ། ༢ གསུང་གི་དམ་ཚིག་ནི། གསུང་གི་དམ་ཚིག་ཏུ་ངག་གིས་མི་དགེ་བ་རྣམས་བསྲུང་ཞིང་དགེ་བ་ལ་སྦྱར་ཏེ་སྔགས་བཟླས་པ་དང་ཁྱད་པར་དུ་སྨྲ་བ་བཅད་པར་བྱའོ། ། ༣ ཐུགས་ཀྱི་དམ་ཚིག་ནི། ཐུགས་ཀྱི་དམ་ཚིག་ཏུ་ཡིད་ཀྱིས་མི་དགེ་བ་རྣམས་བསྲུང་ཞིང་དགེ་བ་ལ་སྦྱར་ཏེ་ཏིང་ངེ་འཛིན་བསྐྱེད་རྫོགས་ཀྱི་དོན་བསྒོམ་པ་དང་ཁྱད་པར་དུ་ཅི་ལ་ཡང་མི་རྟོགས་པར་བྱའོ། །
Domain ཆོས་ལུགས།