12858

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསང་བའི་རྩ་འཁོར་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། དཔལ་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་སྐབས་ནས་བསྟན་པའི་རྩ་འཁོར་དྲུག་གི་ཡ་གྱལ་ཞིག་ཏེ། ཇོ་ནང་ཏཱ་ར་ནཱ་ཐའི་ཟུང་འཇུག་རབ་གསལ་ལས། གསང་གནས་ལ་འཁོར་ལོ་དྲུག་ཅར་གྱི་ནུས་པ་འཛིན་པའི་དབང་གིས་འཁྱུད་མོ་ནས་སྐྱེས་པའི་ནང་སྐོར་རྩ་འདབ་དྲུག དེའི་ལྔ་ལས་གཉིས་གཉིས་སུ་གྱེས་པས་བར་སྐོར་ལ་རྩ་འདབ་བཅུ། དེའི་བརྒྱད་ལས་གཉིས་གཉིས་སུ་གྱེས་པས་ཕྱི་སྐོར་ལ་རྩ་འདབ་བཅུ་དྲུག་ཅེས་བཤད་པ་དང་། ཡང་བར་སྐོར་བཅུ་ལས་གསུམ་གསུམ་དུ་གྱེས་པས་སུམ་ཅུ་དང་། དབུས་ཀྱི་ལྟེ་བ་ལས་གྱེས་པ་གཉིས་ཏེ་ཕྱི་སྐོར་ལ་སོ་གཉིས་སུ་ཡང་བཤད་ན། གཉིས་ཀ་ལྟར་ཡང་ནི་མི་འགལ་ཏེ་བཅུ་དྲུག་ནི་ཁ་སྟེང་ལྟ་བ་དང་། སོ་གཉིས་ནི་འོག་ཏུ་ཕྱོགས་པའི་ཁྱད་པར་ཡིིན་གསུངས་སོ། །
Domain ཆོས་ལུགས།