12859

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསང་བའི་རྫས་ལ་བསྙེན་པ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། ལོག་ལྟ་ཅན་དང་ལས་སྐལ་དབེན་པ་གསང་སྔགས་ཀྱི་བོན་སྡེ་འདིའི་དབང་ལུང་མེད་པའི་སྐྱེ་བོ་ཕལ་ལ་གསང་བར་འོས་པའི་གསང་སྔགས་ཀྱི་སྒྲུབ་རྫས་རྣམས་སྐལ་ལྡན་སྒྲུབ་གཤེན་རྣམས་ཀྱིས་ཉེ་བར་སྤྱད་ཅིང་བསྟེན་པའི་དོན་ལ་བྱའོ། །དེ་ལ་དབྱེ་ན། ཐུགས་དམ་མི་གཡེལ་གྱི་རྫས་སུ་བསྙེན་པ། ཁྲོ་རྒྱལ་ཡབ་ཀྱི་རྫས་སུ་བསྙེན་པ། ཁྲོ་མོ་ཡུམ་གྱི་རྫས་སུ་བསྙེན་པ། ལོག་པར་སྒྲོལ་བའི་ཕྱག་ཆར་བསྙེན་པ། འགུགས་འདྲེན་སྒྲོལ་བའི་ཕྱག་ཆར་བསྙེན་པ། ལོག་འདྲེན་འདུལ་བའི་རྫས་སུ་བསྙེན་པ། ཐུགས་དམ་སྐོང་བའི་རྫས་སུ་བསྙེན་པ། རྒྱུན་དུ་དགོས་པའི་རྫས་སུ་བསྙེན་པ་དང་བརྒྱད་དུ་གསུངས་སོ། །དེ་དག་གི་འགྲེལ་བཤད་རང་རང་གི་སྐབས་སུ་གཟིགས།
Domain ཆོས་ལུགས།